[A:༥༥༡ན]དགའ་བློ་གྲོས་ཡན་སོ་སོར་འཚོལ། དེ་ནས། སློབ་དཔོན་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། འཇམ་མགོན་རྡོ་རྗེ་རིན་ཆེན། པཎྜི་ཏ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་ཆེན་བསོད་ནམས་རྒྱལ་མཚན། མཁན་ཆེན་བློ་གྲོས་སྙིང་པོ། བྱམས་པ་སྙན་གྲགས་ཐར་པ། བྱམས་པ་ཀུན་དགའ་བསྟན་འཛིན། དྲིན་ཆེན་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་སློབ་བཤད་འཛིན་པ་ཨཱ་ཡུ་བཛྲ་ལའོ། །
ཡང། གསེར་ཆོས་དམར་པོ་སྐོར་གསུམ་གྱི་ཆོས་སྐོར་སྡེ་དགེ་ཡབ་ཆེན་གྱིས་གསར་བསྒྲིགས་མཛད་པའི་གླེགས་བམ་གྱི་ཞལ་སྐོང་ལྟ་བུར་མཚམས་མིང་བླ་མ་བསམ་གཏན་ཆོས་དར་གྱིས་ལྗགས་བསྒྲིགས་གནང་བའི་དཀར་ཆག་ཡིད་འཕྲོག་པདྨ་རཱ་གའི་ཕྲེང་བ་ནང་བཞིན་ལེགས་པར་ནོས་གྲས་ནས་ཆོས་ཚན་ཁ་ཡར་སྔོན་དུ་སོང་ཟིན་ཤིང། དེ་འཕྲོས་པོད་གསར་དེ་ཉིད་ནང་བཞིན་ཐོབ་གྲས་ཀུ་རུ་ཀུལླེ་ལྷ་ལྔའི་སྒྲུབ་ཐབས་བྲང་ཏིག་ག་ན་ཤྲཱི་བྷ་དྲས་མཛད་པ་དང་། རྗེ་བཙུན་མ་ཀུ་རུ་ཀུལླེའི་དཀྱིལ་ཆོག་པདྨ་རཱ་གའི་བུམ་བཟང་ངག་དབང་བློ་གྲོས་སྙིང་པོ་གཞན་ཕན་མཐའ་ཡས་པའི་འོད་ཟེར་ཞེས་འབོད་པས་ལྷུན་གྲུབ་སྟེང་དུ་བསྡེབས་པའོ། །ཞེས་