R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༡བ
[A:༥༥༡བ]དང་། རྗེ་བཙུན་རིགས་བྱེད་མ་ལྷ་ལྔའི་དཀྱིལ་འཁོར་ལ་བསྟོད་པ་ཡིད་འཕྲོག་པདྨ་རཱ་གའི་ཆུན་འཕྱང། ངག་དབང་ལེགས་གྲུབ་ཀྱིས་འདར་ཆོས་འཁོར་ཡང་རྩེའི་དགོན་པར་སྦྱར་བའོ། །ཀུ་རུ་ཀུལླེ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བཞི་ལུང་བཅས་ཐོབ་པའི་བླ་མའི་བརྒྱུད་རིམ། ངག་དབང་ཀུན་དགའ་བློ་གྲོས་མན་འདྲའོ། །ཞེས་པའི་མཐའ་ཅན། དཔལ་ལྡན་ས་སྐྱ་པའི་ཁྱད་པར་ཅན་གྱི་མན་ངག་དམར་པོ་སྐོར་གསུམ་ལས་ཁམས་གསུམ་དབང་སྡུད་འདོད་པའི་རྒྱལ་པོའི་ཆོས་སྐོར་ཚང་བ་བཞུགས་སོ། །ས་སྐྱ་པའི་སྙན་བརྒྱུད་འཛིན་པ་སྔགས་འཆང་བླ་གསལ་གྱི་ཟབ་ཆོས་ཏེ། ཀུན་དང་ཐུན་མོང་མ་ཡིན་པའོ། །ཞེས་པ་ནས། ཡིད་ཆེས་པར་བྱའོའི་མཐའ་ཅན། དཔལ་ལྡན་ས་སྐྱ་པའི་ཁྱད་པར་གྱི་གདམས་པ་དམར་པོ་སྐོར་གསུམ་ལས། རྗེ་བཙུན་མ་ཀུ་རུ་ཀུལླེའི་ཆོས་སྐོར་ཚང་མ་བཞུགས། ས་སྐྱ་པའི་སྙན་བརྒྱུད་འཛིན་པ་སྔགས་འཆང་བློ་གསལ་གྱི་ཟབ་ཆོས་ཏེ་ཀུན་དང་ཐུན་མོང་མ་ཡིན་པའོ། །ཞེས་པ་ནས། དམར་པོ་སྐོར་གསུམ་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་གསལ་བྱེད་འདི་ཉིད་བོད་ཡུལ་དྲེགས་ལྡན་བྱེ་བའི་གཙུག་རྒྱན་རྗེ་བཙུན་ས་སྐྱ་པ་འཇམ་མགོན་ངག་དབང་ཀུན་དགའི་མཚན་ཅན་