[A:༥༥༢ན]གྱི་བཀས་བསྐུལ་བ་ལ་བརྟེན་ནས། ཁའུ་སྐྱིད་ལྷས་པའི་སྙན་བརྒྱུད་འཛིན་པའི་རིགས་སྔགས་འཆང་བ་དབང་ཕྱུག་གི་མིང་གིས་ལེགས་པར་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་ཆོས་སྐྱོང་ངག་གི་དབང་ཕྱུག་གིས་ལེགས་པར་བགྱིས་པ་སྙན་བརྒྱུད་ཟབ་མོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། མངྒ་ལཾ་མ་སྟཱུ་སརྦ་ཛ་ག་ཏཾ། ཞེས་པའི་མཐའ་ཅན། རྗེས་གནང་གི་རིམ་པ་ཟུར་བཀོལ་འགའ་ཞིག་མཁོ་ཆགས་སུ་བཀོད་པ་བཞུགས། ཚར་ལུགས་བསྟན་པའི་སྲོག་ཤིང་འ་ཞ་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་ཟིན་བྲིས་གནང་བ་ལ། ཀུ་རུ་ཀུལླེའི་ཕྱི་སྒྲུབ་ཀྱི་རྗེས་གནང་ཐོན་མོང་མ་ཡིན་པའི་ཟིན་བྲིས་དགའ་ལྡན་ཀུན་བསོད་ཀྱི་ཡི་གེ་བཞིན་ནོ། །ཞེས་པ་དང་། ཀུ་རུ་ཀུལླེའི་གསང་སྒྲུབ་ཀྱི་བྱིན་རླབས་ཀྱི་ཟིན་བྲིས་མཐར་འཇིགས་མེད་གྲགས་པའི་ཡི་གེ་བཞིན་ནོ། །ཞེས་པ་དང་། དཔལ་མོ་གསེར་ཐག་ཅན་གྱི་ཟིན་བྲིས། གཞན་གཞུང་ལྟར་རོ། །ཞེས་པ་དང་། ནོར་རྒྱུན་དམར་མོའི་ཟིན་བྲིས། ཡིག་རྙིང་ལྟར་རོ། །ཞེས་པ་དང་། ཏི་ནུ་མའི་ཟིན་བྲིས། གཞན་ཐམས་ཅད་ཡིག་རྙིང་ལྟར་རོ། །