[A:༥༥༢བ]ཞེས་པ། ཚོགས་བདག་དམར་ཆེན་ཐུན་མོང་པ་ལ། དུས་རྒྱལ་ཕུར་འཛོམ་པ་ནས་གཞན་ཐམས་ཅད་ངོར་ཆེན་ནས་ཡི་གེ་སོར་བཞག་གོ་ཞེས་པ། ཇོ་བོ་ནས་བརྒྱུད་པའི་ཚོགས་བདག་དཀར་པོའི་རྗེས་གནང་གི་ཟིན་བྲིས། རྗེས་ཆོག་སྤྱི་ལྟར་རོ། །ཞེས་དང་། འདོད་རྒྱལ་ལྷ་ལྔའི་རྗེས་གནང་ཟིན་བྲིས། བཞི་པ་ས་པཎ་གྱི་ཡི་གེ་བཞིན་ནོ། །ཞེས་དང་།འདོད་རྒྱལ་གསང་སྔགས་སྒྲའི་རྗེས་གནང་ཟིན་བྲིས། རྗེ་བླ་མ་ཀུན་དགའི་ཟིན་བྲིས་ལྟར་རོ། །ཞེས་དང་། གུར་མགོན་དབང་གི་ཟིན་བྲིས། འཇམ་དབྱངས་གྲགས་པའི་དཔལ་གྱིས་མཛད་པ་དེ་ག་སོར་བཞག་ལགས་ཞེས་དང་། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་རྗེས་གནང་རྣམས་ཀྱི་རྩ་བ་ཙམ་དུ་བཀོད་པ་བ་རི་ནས་བརྒྱུད་པའི་གུར་རྐྱང་ལ་ཞེས་པ་ནས་ཆིངས་སྒྲུབ་ཐབས་བརྒྱ་རྩ་སོར་བཞག་གོ །ཞེས་དང་། ལྕམ་དྲལ་ལྷ་གསུམ་ལ་གཏོར་མ་ཟུར་གསུམ་འཁོར་མེད་པ། དར་ནག་གི་མདའ་དར། དར་ནག་གི་ཅོད་པཎ། འཁོར་མེད་པ་ཞེས་པ་ནས། གཞན་ཐམས་ཅད་ཡར་ཀླུང་པའི་ཡི་གེ་སོར་བཞག་ཅེས་དང་། ལྷ་བརྒྱད་ཐུན་མོང་མ་ཡིན་པའི་ཟིན་བྲིས་འཇམ་