[A:༥༥༣ན]དབྱངས་མཁྱེན་བརྩེའི་ཞབས་ཀྱི་ཐོ་ཇི་ལྟ་བ་ཞེས་དང་། ཁྲོ་བཅུ་ནི། ཚར་ཆེན་ཐམས་ཅད་མཁྱེན་པའི་ཐོ་མཛད་པ་བཞིན་ནོ། ཞེས་དང་། བཅུ་གཉིས་པ་ནི། རྗེ་མཁྱེན་བརྩེའི་གསུང་ཐོ་ཞེས་པ་ནས། དཀྱིལ་ཆོག་མགོན་པོ་རྣམ་རོལ་གྱི་བཅུ་གཉིས་མ་དེ་ལེན་ཞེས་དང་། ལས་མགོན་བེར་ནག་ཟིན་བྲིས། གཞན་ཚར་ཆེན་རྡོ་རྗེ་འཆང་གི་གསུང་ཇི་ལྟ་བ་བཞིན་ཞེས་དང་།གཅེར་བུ་ཟངས་གྲི་ཅན་གྱི་ཟིན་བྲིས། ལྷ་སྔགས་བརྗེ་བ་མ་གཏོགས་རྗེས་གནང་སྔ་མ་ཁོ་ན་ལྟར་རོ། ཞེས་དང་། པུ་ཏྲ་མིང་སྲིང་གི་རྗེས་གནང་ཟིན་བྲིས། གཞན་ཆོ་ག་ཐམས་ཅད་ཡར་ཀླུང་པའི་ཡི་གེ་སོར་བཞག་གོ་ཞེས་དང་། བྲན་བདུད་ཐུན་མོང་པའི་ཟིན་བྲིས། ལྷ་སྔགས་བརྗེ་བ་མ་གཏོགས་པུ་ཏྲ་སོར་བཞག་གོ་ཞེས་དང་། བྲན་བདུད་ཐུན་མོང་མ་ཡིན་པ་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ཁོ་ན་ལྟར་ལགས་སོ། ཞེས་དང་། དཔལ་སྟོབས་འཕྲོགས་དབང་པོ་ཞལ་བཞི་པའི་སྐོར་ལ། བསྙེན་དུས་ནི་ཞེས་པ་ནས། སློབ་མ་གཅིག་ལས་མང་པོ་ལ་མི་མཛད་ཅེས་དང་། གསང་སྒྲུབ་ཀྱི་ཟིན་བྲིས། གཞན་ཚར་ཆེན་གྱི་གསུང་ཁོ་ན་ལྟར་རོ། ཞེས་དང་། དཀར་པོ་ཚེ་འཕེལ་ཟིན་བྲིས། དངོས་གྲུབ་རྒྱ་མཚོ་ལྟར་ཞེས་དང་།