[A:༥༥༣བ]སེར་པོ་ལྷ་ལྔའི་ཟིན་བྲིས། སྒྲུབ་ཐབས་མཆན་བཤད་མ་ལྟར་མཛད་ཅེས་དང་། སེར་པོ་ལྷ་དགུའི་ཟིན་བྲིས། དངོས་གྲུབ་རྒྱ་མཚོ་བཞིན་ནོ། ཞེས་དང་། དམར་པོ་དབང་སྡུད་ཀྱི་ཟིན་བྲིས། གཞི་ཐམས་ཅད་གོང་དང་འདྲ། ནག་པོ་ལ་རྡོ་བའི་མཎྜལ་ཞེས་པ་ནས། སྒྲུབ་ཐབས་མཆན་བཤད་ལྟར་ལས་མེད་ཅེས་དང་། ཁྱུང་ཞལ་ཅན་ནམ་དམག་དཔོན་མགོན་པོའི་རྗེས་གནང་ནི། འཇམ་པའི་དབྱངས་མཁྱེན་བརྩེའི་ཞབས་ཀྱི་ཟིན་ཐོ་སོར་བཞག་ལ་དབྲི་བསྣོན་མེད། ཅེས་དང་། བྲམ་ནག་བཤན་པ་དྲུག་སྐོར་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཐོ་བཞིན་རྒྱས་འགེབས་གཞན་མི་མཛད། ཅེས་དང་། གདོང་བརྙན་ཅན་གྱི་ཟིན་བྲིས། དེང་ནས་སོགས། ཞེས་དང་། བྲམ་ཟེ་མངགས་པར་གཏད་པ་ནི། མཐུ་སྟོབས་དབང་ཕྱུག་ཚར་ཆེན་པའི་ཐོ་ལྟར་རོ། ཞེས་པ་ནས། དམ་པའི་ཞབས་པད་ཡུན་རིང་དུ་བསྟེན་པ་ལས་བྱུང་བའོ། །མངྒ་ལཾ། ཞེས་པའི་མཐའ་ཅན། དངོས་གཞི་ཉམས་ལེན་གྱི་སྐོར། ཀུ་རུ་ཀུལླེའི་བྲིས་སྐུའི་ཆོ་ག་རྗེ་བཙུན་མའི་བྲིས་སྐུའི་ཆོ་ག་རྫོགས་སོའི་མཐའ་ཅན། ཀུ་རུ་ཀུལླེའི་བྲིས་སྐུའི་ཆོ་ག་ཞེས་པ་ནས། གནས་གསར་རྡེ་རྗེ་འཆང་གི་བྱིན་རླབས་སྙིང་ལ་ཞུགས་པའི་ལྷ་བཙུན་ཨ་ནནྟས་སོ། །མངྒ་ལཾ།