R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༤ན
[A:༥༥༤ན]ཞེས་པའི་མཐའ་ཅན། རྗེ་བཙུན་མ་ཀུ་རུ་ཀུལླེའི་སྒྲུབ་ཐབས་གོ་བདེ་བཀླག་ཆོག་ཏུ་བཀོད་པ་སྲིད་གསུམ་དབང་དུ་བྱེད་པའི་མན་ངག་བཞུགས་སོ། །ཨོཾ་སྭསྟི་སི་དྡྷཾ། ཞེས་་པ་ནས། ཤཱཀྱའི་དགེ་སློང་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བ་ཞེས་དང་། རྗེ་བཙུན་མཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་ཀྱི་ངག་འདོན་འདོད་རྒུའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། ཨོཾ་སྭསྟི་སིདྡྷཾ། དྲིན་ཅན་རྩ་བའི་བླ་མ་ཞེས་པ་ནས། ངག་འདོན་ཁོ་ན་ཟུར་དུ་ཕྱུང་སྟེ་ལྷ་བཙུན་ཨ་ནནྟ་རང་ཉིད་ཀྱིས་བྲིས་པའོ། །
འདི་ན་བསྙེན་སྒྲུབ་ལས་གསུམ་ག་ཡོད། མཆན།
ཞེས་མཐའ་ཅན། ཐུན་མོང་མ་ཡིན་པའི་གཞལ་ཡས་ཁང་ནི། དེ་ལྟ་བུའི་སྲུང་བའི་འཁོར་ལོ་ཞེས་པ་ནས། དགེ་སྦྱོང་ཀུན་དགའ་བསྟན་པའི་བློ་གྲོས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་སྦྱར་བའོ། །ཞེས་དང་། རང་བྱིན་རླབས་ཀྱི་དམིགས་པ་ཐུན་མོང་མ་ཡིན་པ་གནས་གསར་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་གསུང་བཀའ་རྒྱ་ཅན། བསྟོད་པ་རྫོགས་རྗེས་ང་རྒྱལ་ལ་བསླབ་ཅིང་ཞེས་པ་ནས། ཞེས་ལྟ་བའི་གསལ་འདེབས་པ་ནི་དབང་བཞི་པའི་ལམ་