[A:༥༥༤བ]མོ། ཞེས་པའི་མཐའ་ཅན། བསམ་གཏན་ཁོ་ནས་ལས་ལ་སྦྱོར་བའི་བསྒྲུབ་བྱ་མྱུར་དུ་འགུགས་པའི་ཨུཏྤ་ལའི་ལྕགས་ཀྱུ། གང་གིས་ཁྱོད་ཞབས་དྲན་པའི་མོད། །ཞེས་པ་ནས། ལྷ་བཙུན་ཨ་ནནྟས་སོ། །ཞེས་པ་དང་། རྗེ་བཙུན་རིགས་བྱེད་མའི་སྨོན་ལམ་དངོས་གྲུབ་འགུགས་པར་བྱེད་པའི་ལྕགས་ཀྱུ། མཚན་ཙམ་ཐོས་པ་ཞེས་པ་ནས། བཙུན་པ་མ་ཎི་བས་ས་སྐྱོང་མིའི་དབང་པོ་ཚེ་དབང་དོན་གྲུབ་དཔལ་བཟང་པོའི་ཐུགས་དམ་དུ་སྦྱར་བ་ཅན་ནོ། བཅོམ་ལྡན་འདས་མ་རིགས་བྱེད་ལྷ་མོའི་བསྐྱེད་རྫོགས་རྣམ་བཤད་མཆོག་ཐུན་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས། ཨོཾ་སྭསྟི། གྲངས་མེད་རིགས་བརྒྱའི་ཁྱབ་བདག་ཅེས་པ་ནས། སྒྲུབ་པ་དང་ལས་སྦྱོར་གྱི་སྐབས་རྣམས་ནི་ལོགས་སུ་རྟོགས་པར་བྱའོའི་མཐའ་ཅན། ཤར་བླ་མ་ཀུན་བཟང་དཔལ་ལྡན་གྱིས་མཛད་པ། ཀུ་རུ་ཀུལླེའི་འཁོར་ལོའི་ཡིག་ཆུང་། ན་མོ་བཛྲ་ཞེས་པ་ནས། འཁོར་ལོའི་ཞལ་ཤེས་ཀྱི་ཡིག་ཆུང་ཚར་ཆེན་Jའི་མཐའ་ཅན། རྗེ་བཙུན་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེའི་དབང་གི་སྦྱིན་སྲེག་གི་ཆོ་ག་གསལ་བར་བཞུགས། སྭསྟི། པདྨ་གར་དབང་ཞེས་པ་ནས། རྣལ་འབྱོར་པ་བློ་གསལ་རྒྱ་མཚོས་རང་གི་བསྟི་གནས་