R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༥ན
[A:༥༥༥ན]ཀྱི་བསམ་གཏན་ཁང་བུར་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ཅེས་པའི་མཐའ་ཅན། ཐབ་ཁུང་ཐིག་རྩ་བཅས། གངས་ལྗོངས་བསྟན་པའི་མངག་བདག་ས་སྐྱ་པའི་ཟབ་ཆོས་རྗེ་བཙུན་རིགས་བྱེད་མའི་ཆོས་སྐོར་དྭགས་པོ་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ་དང་། དེའི་གསལ་བྱེད་དཔལ་ས་སྐྱ་པ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་པ་གཉིས་དཀྱུས་གཅིག་ཏུ་བསྒྲིགས་པ་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་འདི་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ཞེས་གསུངས་ནས། དང་པོ་སྔོན་འགྲོ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་། སྒྲོལ་དཀར་གྱི་གོང་བསྙེན་བྱ་ཚུལ། གཉིས་པ་དངོས་གཞི་སྒྲུབ་པ་དང་། ལས་སྦྱོར་གཉིས། སྒྲུབ་པ་ལ་ཕྱི་ནང་གསང་གསུམ། ཕྱི་ནང་སྒྲུབ་པ་ལ་སོ་སོར་ཀུ་རུ་ཀུལླེ་དཀར་དམར་གཉིས། ལས་སྦྱོར་ལ་སྔོན་འགྲོ་དངོས་གཞིའི་ལས་སྦྱོར་བཤད་པ་དང་། བྱེ་བྲག་ཏུ་བཤད་པ་ལ་རྫས་གསོག་པ་དང་། ལས་སྒྲུབ་པ་གཉིས། ལས་སྒྲུབ་པ་ལ་ཞི་རྒྱས་དབང་དྲག་དང་། ཐུན་མོང་གི་ལས་སྒྲུབ་པ་