[A:༥༥༥བ]གཉིས། ཐུན་མོང་གི་ལས་སྒྲུབ་པ་ལ་དངོས་དང་ལས་སོ་སོར་བཤད་པ་གཉིས། གསུམ་པ་རྗེས་ཀྱི་བྱ་བ་ལ། བཅོམ་ལྡན་འདས་མ་སྒྲུབ་པའི་འབྲས་བུ་ཆུད་མི་ཟ་བར་བསྟན་པ་རྣམས། གནས་གསར་རྡོ་རྗེ་འཆང་གི་བྱིན་རླབས་སྙིང་ལ་ཞུགས་པའི་ལྷ་བཙུན་ཨ་ནནྟས་སོ། །ཡི་གེ་པ་ནི་བརྡ་སྤྲོད་པ་ཕྲིན་ལས་རྒྱ་མཚོས་བགྱིས་པའོ། །ཞེས་པའི་མཐའ་ཅན། ཀུ་རུ་ཀུལླེ་ལྷ་ལྔའི་སྒྲུབ་དཀྱིལ་ནག་འགྲོས་སུ་བཀོད་པ། ན་མོ་གུ་རུ་བཛྲ་དྷ་ར་ཞེས་པ་ནས། ལྷ་བཙུན་ཨ་ནནྟས་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་སྦྱར་བ་འདིས་ཀྱང་རྒྱལ་བསྟན་སྤྱི་དང་བྱེ་བྲག་ས་ངོར་གྱི་ལུང་རྟོགས་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ་དར་ཞིང་རྒྱས་ལ་བརྟན་པའི་རྒྱུར་གྱུར་ཅིག། ཛ་ཡནྟུ། ཡི་གེ་པ་ནི་རབ་འབྱམས་པ་ཀུན་དགའ་ལེགས་བཤད་རྒྱ་མཚོས་བགྱིས་པའོ། །སརྦ་མངྒ་ལཾ། ཞེས་པའི་མཐའ་ཅན། རིགས་བྱེད་མའི་མདུན་བསྐྱེད་སྒྲུབ་ཚུལ་དགེ་ལེགས་དཔལ་གྱི་མཐོང་གྲོལ། ཨོཾ་སྭསྟི། དཔལ་ས་སྐྱའི་གཞི་ཐོག་བླ་བྲང་གི་མགོན་ཁང་གི་ཐོག་ཅེས་པ་ནས། རྒྱལ་རིགས་ཨཱཿམིང་གིས་སྤེལ་བ་དགེའོ། །ཡིད་འཕྲོག་པདྨ་རཱ་གའི་རི་བོ་ཞེས་པ་ནས། མཁྱེན་བརྩེས་