R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༦ན
[A:༥༥༦ན]བགྱིས་པའོ། །འདིའི་བཤམས་ཚུལ་ནི་ཞེས་པ་ནས། དུང་དཀར་རྒྱ་གླིང་སོགས་འདུ་བྱའོའི་མཐའ་ཅན། རྒྱལ་བ་ཀུན་གྱི་སོར་རྟོགས་ཡེ་ཤེས་ལས། །ཞེས་པ་ནས། འདོད་པའི་རེ་བ་མ་ལུས་འགྲུབ་པར་ཤོག །དགེ་ཞེས་པའི་མཐའ་ཅན། དམར་པོ་སྐོར་གསུམ་གཏོར་བསྔོ་ཉུང་ངུ་དངོས་གྲུབ་མྱུར་འགུགས་ཀྱི་ཕོ་ཉ། ཨོཾ་སྭསྟི་སིདྡྷཾ་ཞེས་པ་ནས། ས་སྐྱ་པ་ཀུན་བློས་དཔལ་ས་སྐྱའི་གཞི་ཐོག་འཚོམས་བར་མགོན་ཁང་དུ་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་ཐབས་སུ་དམར་པོ་སྐོར་གསུམ་གྱི་སྐུ་གསར་བཞེངས་བགྱིས་སྐབས་རྒྱུན་གཏོར་འཛུགས་པའི་ཆེད་དུ་སྦྱར་བའོའི་མཐའ་ཅན། དམར་པོ་སྐོར་གསུམ་གྱི་ཆོས་སྐོར་ལས། ཀུན་མཁྱེན་ལྔ་པ་ཆེན་པོ་དང་། མགོན་པོ་བསོད་ནམས་མཆོག་ལྡན་གྱི་དྲི་བ་དྲིས་ལེན་མཛད་པ་བཞུགས། ཁམས་གསུམ་དབང་དུ་བྱེད་པའི་གནད་ཡིག་ནག་པོ་འགྲོ་ཤེས་ཞེས་བྱ་བ་བཞུགས་པ་དགེ་ལེགས་འཕེལ། ཁམས་གསུམ་དབང་དུ་སྡུད་པའི་གནད་ཡིག་ནག་པོ་འགྲོ་ཤེས་འདི་ཞེས་པ་ནས། འཁོར་ལོ་ལིང་ཚོ་
(ཚེ་ཡིན་ནམ་སྙམ།)
ཅན་ནོ། མངྒ་ལཾ་ཞེས་པའི་མཐའ་ཅན། གསང་སྔགས་སྒྲའི་རྗེས་གནང་གི་དབང་རྫས་གནས་གསར་བའི་ཕྱག་ལེན་ཁུངས་བཙུན་མ་