R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༦བ
[A:༥༥༦བ]ཐུགས་རྩིགས་ལུགས་ཞེས་པ་ནས། ཡང་བསྒྲུབ་བྱ་ཞེས་པ་ཅན་ལྡེབ་བུ། ཡིག་འབྲུ་རྣམ་པར་གྱུར་པ་ནི། ཞེས་པ་ནས། གཟུངས་ཐག་ཀྱང་དེ་ལ་སྦྱར་བ་ཡིན་ཞེས་པའི་མཐར་ཅན། ལྡེབ་བུ་ཕྱེད། གསང་སྔགས་སྒྲའི་རྗེས་གནང་གི་དབང་རྫས་གནས་གསར་བའི་ཕྱག་ལེན་ཁུངས་བཙུན་མ་ལ་ཕྱི་སྒྲུབ་མོ་འཁོར་ཞེས་པ་ནས། གནད་འབེབས་ཉི་མའི་འཁོར་ལོ་ལེགས་འདུག་ཅེས་པའི་མཐའ་ཅན། ཚོགས་ཀྱི་བདག་པོའི་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་སྲིད་ཞིའི་དགེ་ལེགས་རབ་འཕེལ་ཞེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཞེས་པ་ནས། ས་སྐྱོང་སྡེ་དགེའི་རིགས་སྐྱེས་ཤཱཀྱའི་དགེ་སློང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས། ས་ཁྱི་ཁྲུམས་ཀྱི་ཟླ་བའི་ཚེས་བཟང་པོར་སྦྱར་བ་འདིས་ཀྱང་ས་སྐྱ་པའི་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག། ཡི་གེ་པ་ནི་བརྡ་སྤྲོད་པ་ཕྲིན་ལས་རྒྱ་མཚོས་བགྱིས་པའོའི་མཐའ་ཅན། ཚོགས་བདག་འཁོར་ལོའི་རབ་གནས་སྐབས་བསྐྱེད་ཆོག་ལ་མཁོ་བའི་ཟུར་འདེབས་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ཞེས་པ་ནས། མངོན་སུམ་ལྟ་བུར་གསལ་བར་གྱུར་ཞེས་པའི་མཐའ་ཅན། འདོད་རྒྱལ་