R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༧ན
[A:༥༥༧ན]གྱི་སྒྲུབ་ཐབས་སྲིད་གསུམ་ཡིད་འཕྲོག་ཅི་བསམ་ཀུན་འགྲུབ་བཞུགས། ཨོཾ་སྭསྟི་ཞེས་པ་ནས། བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བ་འདིས་ཀྱང་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་བསྐལ་བརྒྱར་འཚོ་གཞེས་བརྟན་པར་གྱུར་ཅིག། ཡི་གེ་པ་ནི་བརྡ་སྤྲོད་པ་ཕྲིན་ལས་རྒྱ་མཚོས་བགྱིས་པའོ། །ཞེས་པའི་མཐའ་ཅན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཉིན་སྲུང་མཚན་སྲུང་གི་ཡི་གེ་མཆན་བུ་ཅན། ཨོཾ་ཀྵེཾ་སེཾ་ཞེས་པ་ནས། མཚུངས་བྲལ་བླ་མ་མཆོག་གི་བཀྲ་ཤིས་ཤོག ཅེས་པའི་མཐའ་ཅན། འདོད་རྒྱལ་འཁོར་ལོའི་རབ་གནས་སྐབས་འཁོར་ལོའི་བསྐྱེད་ཆོག་ལ་མཁོ་བའི་ཟུར་འདེབས་གསལ་བའི་མེ་ལོང་འདོད་རྒྱལ་འཁོར་ལོ་ཞེས་པ་ནས། དེ་ལྟར་འཁོར་ལོ་ཐམས་ཅད་མངོན་སུམ་ལྟ་བུར་གསལ་བར་གྱུར། ཞེས་པའི་མཐའ་ཅན། འདོད་རྒྱལ་རླུང་འཁོར་གྱི་རབ་གནས་སྐབས་འཁོར་ལོའི་བསྐྱེད་ཆོག་ལ་མཁོ་བའི་ཟུར་འདེབས། འདོད་རྒྱལ་རླུང་འཁོར་ཞེས་པ་ནས། འཁོར་ལོ་དེ་རྣམས་མངོན་སུམ་ལྟ་བུར་གསལ་བར་གྱུར། ཞེས་པའི་མཐའ་ཅན། གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་གྱི་རྗེས་གནང་བཀླག་ཆོག་གསལ་