R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༧བ
[A:༥༥༧བ]བའི་སྒྲོན་མེ་ཞེས་པ། རྗེ་བཙུན་མ་ཀུ་རུ་ཀུལླེ་དཔལ་མོ་གསེར་གྱི་སྙིང་ཐག་ཅན་དང་། ལྷ་མོ་ནོར་རྒྱུན་མ། དབང་གི་ལྷ་མོ་ཏི་ནུ་མ་གསུམ་གྱི་རྗེས་གནང་གི་ཡི་གེ་དང་། དཔལ་མོ་སྙིང་གི་གསེར་ཐག་ཅན་མའི་རྗེས་གནང་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་བརྒྱུད་པ། ལྷ་མོ་ཏི་ནུ་མའི་ཡིག་ལུང་རྗེས་གནང་དང་བཅས་པའི་བརྒྱུད་པའི་ཡི་གེ་རྣམས་སོ། །དེ་ལྟར་སྒྲུབ་ཐབས་རྗེས་གནང་བཀླག་ཆོག་ཏུ་བཀོད་པ་འདི་ནི། འདི་དག་བཀའ་མི་ནུབ་པའི་ཕྱིར་དུ་དགེ་སློང་སྡེ་སྣོད་གསུམ་པ་ངག་དབང་ཆོས་གྲགས་ཀྱིས། དཔལ་རྩེ་གདོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་གྲྭར་བཀོད་པའི་ཡི་གེ་པ་ནི་ཀཱིརྟི་བྷ་དྲའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་འཚོ་ཞིང་གཞེས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། སརྦ་མངྒ་ལཾ་ཞེས་པའི་མཐའ་ཅན། ལྷ་མོ་ཏི་ནུ་མ་ལ་བསྟོད་པ་ན་མོ་ཤྲཱི་བཛྲ་གུ་རུ་ཡེ། ཕུན་ཚོགས་ཆོས་དབྱིངས་ཞེས་པ་ནས། རིག་པ་འཛིན་པ་མཁྱེན་བརྩེའི་དབང་ཕྱུག་གིས་བགྱིས་པའོ། །མངྒ་ལཾ་ཞེས་པའི་མཐའ་ཅན། དཔལ་ལྡན་ས་སྐྱ་པའི་ཁྱད་པར་གྱི་གདམས་པ་ཛམ་དམར་སྲོག་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་གོ་བདེ་བཀླག་ཆོག་ཏུ་བཀོད་པ། ཨོཾ་སྭསྟི། མི་ཟད་གཏེར་ཞེས་པ་ནས། བཀའ་འབངས་ཐ་ཤལ་བ་ལྷུན་