R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༨ན
[A:༥༥༨ན]གྲུབ་ཀྱིས་བྲིས་པའོ། །ཞེས་དང་། འདིའི་རྗེས་གནང་ཡིག་རྙིང་གི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། ཞེས་པ་ནས། དེས་བདག་ལྷུན་གྲུབ་ལའོ། །མངྒ་ལཾ། ཞེས་པའི་མཐའ་ཅན། ཛམ་དམར་ཡིད་བཞིན་ནོར་བུའི་རྗེས་གནང་བྱ་ཚུལ་བཀླག་ཆོག་མ་བླ་མ་དང་ཛམ་བྷ་ལ་དམར་པོ་ཞེས་པ་ནས། འཁོན་ས་སྐྱ་པ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས་བཀའི་དགོངས་པ་བཀྲོལ་ནས་བྱ་ཡུལ་དགོན་པར་བྲིས་པའོ། འདིའི་བརྒྱུད་པ་ནི། ཞེས་པ་ནས། ས་སྐྱ་པ་ངག་དབང་ཀུན་དགའ་རིན་ཆེན་ནོ། །མངྒ་ལཾ། ཞེས་པའི་མཐའ་ཅན་ནོ། །དཔེའུ་རིས་སྐོར་ལ། དམར་པོ་སྐོར་གསུམ། དམར་ཆུང་སྐོར་གསུམ། ཛམ་དམར་སོགས་ཀྱ་གཏོར་མའི་དཔེའུ་རིས་ལྡེབ་བུ་ལྔ་བྱོན། གངས་ལྗོངས་བསྟན་པའི་མངག་བདག་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་དམར་པོ་སྐོར་གསུམ་གྱི་འཁོར་ལོའི་དཔེའུ་རིས་སོམ་ཉིའི་མུན་པ་སེལ་བའི་འོད་ཟེར་བརྒྱ་པ་ལས། བཅོམ་ལྡན་འདས་མ་རྗེ་བཙུན་ཀུ་རུ་ཀུལླེའི་དཔེའུ་རིས་ལྡེབ་བུ་ལྔ་བཞུགས་པའི།་དང་པོ་ཀུ་རུ་ཀུལླེའི་རང་ཉིད་ནུས་ལྡན་དུ་བྱ་བའི་འཁོར་ལོ་དང་། ལིངྒའི་ཁོག་པར་འཇུག་རྒྱུའི་