R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༨བ
[A:༥༥༨བ]འཁོར་ལོ། གཉིས་པ་ལ་དྭགས་པོ་པཎྜི་ཏའི་དངོས་གྲུབ་འབྱུང་གནས་ཀྱི་ཞི་བའི་དཀྱིལ་འཁོར། རྒྱས་པའི་དཀྱིལ་འཁོར། དབང་གི་དཀྱིལ་འཁོར། སླར་ཡང་དྲག་པོའི་དཀྱིལ་འཁོར། ཆར་གྱི་ཕྱོགས་བྲལ་སྒྲུབ་ཀྱི་ཙཀྲ། མཛོད་དུ་གཏེར་ལོང་ན་གཏེར་སྒྲུབ་ལས་ཀྱི་ཞིང་ཆར་སློང་ཙཀྲ། སྦལ་པའི་ཁོག་པར་འཇུག་རྒྱུའི་ཙཀྲ། ཆར་འབེབས་དཀྱིལ་འཁོར་ཀླུ་གཟུགས་དཀྱིལ་འཁོར་སྟེང་འཇོག་རྒྱུའི་རིལ་བུ་འཁོར་ལོ་ཅན། གསུམ་པ་ལ། ལྷ་མི་ལ་སོགས་སྤྱི་དྲིལ་དུ་སྒྲུབ་པའི་འཁོར་ལོ། སྲིའུ་གསོ་བའི་ཙཀྲ་དོན་ཀུན་སྒྲུབ་བྱེད། ཡང་སྲིའུ་གསོ་བའི་ཙཀྲ། སྐྱེས་བུ་ཆེན་པོ་དབང་དུ་བྱེད་པའི་འཁོར་ལོ། ཀླུ་གཟུགས་ཀྱི་སྙིང་གར་འཇུག་རྒྱུའི་མཆེད་ཟླའི་ཙཀྲ། སྦྲུལ་གྱི་ཁོག་པར་འཇུག་རྒྱུའི་སྔགས། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱི་སྒྲུབ་ཡིག་ལས་བྱུང་བའི་ཙཀྲ་ཐམས་ཅད་དུ་སྲུང་བའི་ཙཀྲ། བཞི་པ་ལ།་ཌོམྦྷི་ལུགས་ཀྱི་པཎྜལ་བྲི་ནོར་ཅན། གསང་སྒྲུབ་བསྙེན་པའི་མཎྜལ། ཕྱོགས་བཞིར་སྒོ་བཞི་ཡོད་པ་བསྙེན་པའི་མཎྜལ། ལྔ་པ་ལ། ཀུ་རུ་ཀུལླེའི་སྦྱིན་སྲེག་གི་ཐབ། བསྙེན་སྒྲུབ་ལས་གསུམ་གྱི་བཅའ་གཞིའི་དཔེའུ་རིས་སོ། །ཚོགས་བདག་གི་དཔེའུ་