R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༥༩ན
[A:༥༥༩ན]རིས་ལྡེབ་བུ་ཉི་ཤུ་ཐམ་པ་བཞུགས་པའི། དང་པོ་ལ། ཚོགས་བདག་ལས་བཞིའི་འཁོར་ལོའི་ཐོར་གཅིག། བར་འཁོར་ཐོར་གཅིག། གཉིས་པ་ལ། ལུས་ལ་འཆང་རྒྱུའི་འཁོར་ལོ། གསུམ་པ་ལ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་སྐུ་སྲུང་འདྲ་བཤུས་གཿ བརྒྱད་མ། བཞི་པ་ལ། འཕགས་པ་རིན་པོ་ཆེའི་སྒྲུབ་ཡིག་ཆེན་མོ་ལས་གསུངས་རྩིབས་བཅུ་གཉིས་པ། ཐབས་གཏེར་འཁོར་ལོ། ལྔ་པ་ལ། ལས་བཞིའི་གནམ་འཁོར། ས་འཁོར་གཉིས། དྲུག་པ་ལ། ཞི་བའི་སྟེང་འཁོར། འོག་འཁོར། བདུན་པ་ལ། རྒྱས་པའི་སྟེང་འཁོར། འོག་འཁོར། བརྒྱད་པ་ལ། དབང་གི་སྟེང་འཁོར། འོག་འཁོར། དགུ་པ་ལ། དྲག་པོའི་སྟེང་འཁོར། འོག་འཁོར། བཅུ་པ་ལ། རྒྱས་པའི་བར་འཁོར་ལྟེ་བ་ནོར་མི་གསུམ ལས་ཐམས་ཅད་པའི་འཁོར་ལོ། བཅུ་གཅིག་པ། ཞི་དབང་དྲག་གསུམ་གྱི་བར་འཁོར་ལྟེ་བ། བཅུ་གཉིས་པ། རང་ལུགས་ཐབ་དང་བང་མཛོད་དུ་སྦས་པའི་ཕོ་འཁོར། མོ་འཁོར་གཉིས། བཅུ་གསུམ་པ། ཚོགས་བདག་གི་སྒྲུབ་པའི་མཎྔལ་དང་། གནོད་སྦྱིན་བསེ་གདོང་གི་ལིང་ག་