R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༣བ
[A:༥༦༣བ]ཕྱག་ཆེན་ལ་བཀའ་ལྔ། མཁའ་སྤྱོད་ལ་བཀའ་གསུམ། གསང་སྒྲུབ་ལ་བཀའ་ལྔ། མགོན་པོ་ལ་བཀའ་གཉིས་ལས། དང་པོ་ལ་ཆོས་དྲུག་སྤྱིའི་ཁོག་དབུབ་རྒྱུད་སྡེ་ལྔའི་གཙོ་བོ་བསྡུས་པ་འཇུག་སྒོ་ཡོན་ཏན་ཀུན་འབྱུང་དང་། སྒྱུ་ལུས་སྤྱིའི་དབང་མོ་ཆེར་གྲགས་པ་ཀུན་མཁྱེན་གངས་ཁྲོད་པའི་ཡི་གེའི་སྟེང་ནས་གྲུབ་ཐོབ་བརྒྱུད་པའི་ཕྱག་ལེན་གྱིས་བརྒྱན་པས་སྨིན་པར་བྱས་ནས། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས་བདེ་མཆོག་ལྷ་ལྔའི་དབང་བཞི་ལུས་བསྒྲིགས་ཀྱི་བྱིན་རླབས་དང་།སངས་རྒྱས་དཔལ་བཟང་གི་གསན་ཡིག་ནས་བདེ་མཆོག་དབང་བཞི་ལུས་སྒྲིག་སྟེ་ཁོག་དབུབ་གསུམ་དང་བཞིའི་གནད་ཀྱི་བྱིན་རླབས། ལྷ་བཞི་དྲིལ་སྒྲུབ་ཀྱི་བཀའ། སྒོས་བཀའ་གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་རྣམས་ཀྱི་དབང། ༈ གཉིས་པ་ཕྱག་ཆེན་གྭའུ་མའི་དབང། གསུམ་པ་བླ་མ་ལམ་མཁྱེན། ཡི་དམ་ལམ་མཁྱེན། བཞི་པ་ལུས་སེམས་འཆི་མེད་ཀྱི་དབང་སྟེ་ཕྱག་ཆེན་བཀའ་ལྔ། ལྔ་པ་མཁའ་སྤྱོད་དཀར་མོ། དམར་མོ།