R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༤ན
[A:༥༦༤ན]སུམ་ཕྲུག་གི་དབང་སྟེ་མཁའ་སྤྱོད་བཀའ་གསུམ། ཞར་བྱུང་ལ་འཁོར་ལོ་བད་མཆོག་གསང་སྒྲུབ། སྤྱན་རས་གཟིགས་གསང་སྒྲུབ། ཕྱག་རྡོར་གསང་སྒྲུབ། རྣམ་འཇོམས་གསང་སྒྲུབ། རྟ་མགྲིན་གསང་སྒྲུབ་སྟེ་གསང་སྒྲུབ་བཀའ་ལྔ། དྲུག་པ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་བར་ཆད་ཀུན་སེལ་དང་། བཀླག་ཆོག་མ་གཉིས་ཀྱི་སྟེང་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་ནག་པོ་དང་། མགོན་དཀར་ཡིད་བཞིན་ནོར་བུ་གཉིས་ཀྱི་རྗེས་གནང་ད། མཁའ་འགྲོ་མ་སུ་ཁ་སིདྡྷིའི་བྱིན་རླབས་སོགས་སྔོན་དུ་སོང་ནས། ༈ གཉིས་པ་གྲོལ་བྱེད་ཁྲིད་ཀྱི་སྐོར་ལ། གྲུབ་ཆེན་ལྕགས་ཟམ་པ་ཆེན་པོ་ཐང་སྟོང་རྒྱལ་པོས་མཛད་པའི་ཁྲིད་ཡིག་སྙིང་པོ་ཀུན་འདུས་དང་། ཡང་དེས་མཛད་པའི་ཕྱག་ཆེན། ལམ་ཁྱེར་རྣམ་གསུམ། ལུས་སེམས་འཆི་མེད། བླ་མ་དང་མགོན་པོ་དབྱེར་མེད་ཀྱི་ཁྲིད། ངག་དབང་ཆོས་གྲགས་ཀྱི་སྟན་ཐོག་གཅིག་མ་རྣམས་ཀྱི་སྟེང་ནས་ཉམས་ཁྲིད་ཟབ་མོ། ཡིག་རྙིང་དང་འགྱུར་མེད་བདེ་ཆེན་གྱིས་མཛད་པའི་ཡི་གེ་ལ་བརྟེན་ནས་