R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༤བ
[A:༥༦༤བ]མཁའ་སྤྱོད་དཀར་དམར་གྱི་འཕོ་བ་དང་བཅས་པ་རྣམས་ལེགས་པར་ནོས་ནས། ༈ རྒྱབ་བརྟེན་ལུང་གི་སྐོར་ལ། ནཱི་གུའི་བརྒྱུད་འདེབས་མགོར། ན་མོ་གུ་རུ་བྷྱཿ གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། ཞེས་པ་ནས། འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །ཞེས་པའི་མཐའ་ཅན། འགྱུར་མེད་བདེ་ཆེན་གྱིས་མཛད་པ་ཨི་ཐི། མགོར། ན་མོ་གུ་རུ་བྷྱཿ སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་ལ། །ཞེས་པ་ནས། ཆོས་སྨྲ་བ་འགྱུར་མེད་བདེ་ཆེན་གྱིས་བགྱིས་པའོའི་མཐའ་ཅན། གསོལ་འདེབས་མཁའ་དབྱིངས་སྤྲོས་བྲལ་མ། བརྒྱུད་འདེབས་མཁའ་སྤྱོད་མ་ཨི་ཐི། འགྱུར་མེད་ཀྱིས་བགྱིས་པའི་མཐའ་ཅན། སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང། །ཞེས་པ་ནས། བྱ་བྲལ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་དྲན་གསོར་བགྱིས་པའི་མཐའ་ཅན། མང་ཐོས་སྤྲོ་ལུང་པས་མཛད་པའི་མགོར། རྡོ་རྗེ་འཆང་ནཱི་གུ་མ་ཞེས་དང་། དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །གྱི་མཐའ་ཅན། ནཱི་གུའི་ལམ་རིམ་སྨོན་ལམ་དང་བཅས་པ་སྒྲ་བསྒྱུར་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པ། མགོར། ཨོཾ་སྭསྟི། ཆོས་སྣང་སྲིད་ཤེས་