R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༧བ
[A:༥༦༧བ]དྲིན་འཁོར་མེད་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་དང་། རྒྱལ་པོ་རྟ་སྲེད་ཅན་གྱི་གཏམ་རྒྱུན་གསུངས་པའི་མཐའ་ཅན།
འདི་མཇུག་མ་ཚང་།
ནཱི་གུའི་ཡན་ལག་ཕྱག་ཆེན་གྭའུ་མའི་ཁྲིད་མགོར། ན་མོ་གུ་རུ།
(ཐ)
བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ཞེས་དང་། ལུང་སྟོང་སྨྱོན་པ་རང་གི་མྱོང་བ་དང་བསྟུན་དཔལ་ཆེན་རི་བོ་ཆེར་སྦྱར་བའོའི་མཐའ་ཅན། རང་བབས་རྣམ་གསུམ་གྱི་ཁྲིད་མགོར། སྤྲོས་བྲལ་ཆོས་དབྱིངས་ནམ་མཁའི་ཁྱོན་ཡངས་པ། །ཞེས་དང་། བྱམས་པ་ངག་དབང་རྣམ་རྒྱལ་གྱིས་གནས་ཞེ་དགོན་དུ་སྦྱར་བའོའི་མཐའ་ཅན། ལམ་ཁྱེར་རྣམ་གསུམ་གྱི་ཁྲིད།
(ཐ)
མགོར། ན་མོ་གུ་རུ།
(ཀ)
ཡེ་ཤེས་ཀྱི་མཁའ་འགྲོ་ནཱི་གུ་མའི་ཞེས་དང་། ལུང་སྟོང་སྨྱོན་པས་སྦྱར་བའོའི་མཐའ་ཅན། ལུས་སེམས་འཆི་མེད་ཀྱི་ཁྲིད།
(ཐ)
མགོར། ན་མོ་གུ་རུ། འདི་ཉིང་ཁུའི་ཡན་ལག་ཅེས་པ་ནས། ལུང་སྟོང་སྨྱོན་པས་མཁའ་འགྲོའི་གསུང་བཞིན་ཉམས་སུ་མྱོང་བར་བྱས་ནས་རི་བོ་ཆེར་སྦྱར་བའོའི་མཐའ་ཅན། ནཱི་གུའི་གདན་ཐོག་གཅིག་མ་ངག་དབང་ཆོས་གྲགས་ཀྱིས་མཛད་པ། འཕོ་བ་ཡེ་ཤེས་སྐར་ཁུང་མ། མགོར། སེམས་བསྐྱེད་དང་བླ་མའི་རྣལ་འབྱོར་ཞེས་དང་།