R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༨ན
[A:༥༦༨ན]དེ་ལྟ་བུའི་རྣལ་འབྱོར་པས་ནུས་ཚད་བསྒོམ་པར་བྱའོའི་མཐའ་ཅན། མཁའ་སྤྱོད་དཀར་མོའི་འཕོ་བ་མགོར། ཨོཾ་སྭསྟི། མཁའ་དབྱིངས་དབང་པོའི་གཞུ་ཡི་འོད་ཀྱི་རླབས། །ཞེས་དང་། སྐད་གཉིས་སྨྲ་བ་བསྐལ་བཟང་འགྱུར་མེད་བདེ་ཆེན་གྱིས་རྒྱལ་ཁབ་ཆེན་པོར་ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་ལ་བཀོད་པའོའི་མཐའ་ཅན། མཁའ་སྤྱོད་དམར་མོའི་འཕོ་བ་མགོར། ན་མོ་གུ་རུ། འཕོ་བའི་དབང་ལ་ཞེས་དང་། རྗེས་འདྲའོའི་མཐའ་ཅན། གཏུམ་མོ་སྐོམ་དུ་འཐུང་བའི་བདེ་དྲོད་ཞལ་སྦྱོར་མགོར། ན་མོ་གུ་རུ། དངོས་གཞི་ལ་གཏུམ་མོ་སྐོམ་དུ་འཐུང་བའི་བདེ་དྲོད་ཞལ་སྦྱོར་ཞེས་དང་། དེ་ནི་གེགས་སེལ་གྱི་ཡི་གེ་ཡིན་ནོའི་མཐའ་ཅན། སྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་གྱི་ཡིག་ཆུང་མགོར། ན་མོ་གུ་རུ། ཐབས་ལམ་དངོས་གཞིའི་སྐབས་སུ་ཞེས་དང་། སྐོམ་དུ་འཐུང་བ་བདེ་དྲོད་ཞལ་གདམས་ཀྱི་ཡིག་ཆུང་ལགས་སོའི་མཐའ་ཅན། མཁའ་སྤྱོད་དབང་མོའི་དབང་བསྐུར་མགོར། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅེས་དང་། མཁའ་སྤྱོད་དབང་བསྐུར་རྫོགས་སོའི་མཐའ་ཅན། གཏུམ་མོའི་ཡན་ལག་རྩུབ་ཤིང་མ་དང་རྩུབ་རྟེན་མ་གཉིས། མཎྜལ་བཀའ་རྒྱ་མ། སྨོན་