[A:༥༧༧བ]རྒྱ་ཆེན་སྤྱོད་པའི་བརྒྱུད་པ། ཞེས་གསུངས་ཀྱང། འདི་ཕར་ཕྱིན་གྱི་ལམ་རིམ་ཡིན་པས་དེ་དང་བསྟུན་ནས་བརྒྱུད་པ་ཕྱི་མ་གཉིས་འགོད་པ་ལ། ཐོག་མར་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ནི། སྟོན་མཆོག་ཐུབ་པའི་དབང་པོ། རྒྱལ་ཚབ་བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ། སློབ་དཔོན་མཆོག་སྡེ། དུལ་བའི་སྡེ། མཁན་པོ་རྣམ་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ། ཀུ་སཱ་ཀི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་ཆེན་པོ་དཔལ་ལྡན་མར་མེ་མཛད་བཅས་དང་། ཟབ་མོ་ལྟ་བའི་བརྒྱུད་པ་ནི། སྟོན་མཆོག་ཐུབ་པའི་དབང་པོ། མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས། འཕགས་པ་ཀླུ་སྒྲུབ། སློབ་དཔོན་འཕགས་པ་ལྷ། སློབ་དཔོན་ཟླ་བ་གྲགས་པ། རིག་པའི་ཁྱུ་བྱུག་ཆེ་ཆུང་གཉིས། ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་བཅས། འདི་མན་བརྒྱུད་པ་གཉིས་སོ་སོར་སྨྲོས་ན། མར་མེ་མཛད་ནས། དགེ་བཤེས་ཆེན་པོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། དགེ་བཤེས་སྒོམ་པ་བ། སྣེའུ་ཟུར་པ། ཐག་མ་བ། ནམ་མཁའ་སེང་གེ། ནམ་མཁའ་རྒྱལ་པོ།