R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༨༢བ
[A:༥༨༢བ]སོང་ཟིན་པའི་དབང་དུ་མཛད་ནས། ད་ལམ་ཀུན་བསོད་བཀའ་འབུམ་ནང་ནས། ཀུན་མཁྱེན་རིན་པོ་ཆེ་བསོད་ནམས་སེང་གེ་དང་། ས་ལོ་ཐམས་ཅད་མཁྱེན་པ། མཁས་པའི་དབང་པོ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཡབ་སྲས་གསུམ་གྱི་རྣམ་ཐར་བསྡུས་པ་དང་། ཁྲོ་ཕུ་དུས་ཞབས་པས་མཛད་པའི་འཇམ་མགོན་ཀུན་དགའ་བསོད་ནམས་ཀྱི་རྣམ་ཐར། རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་གྱི་རྣམ་ཐར་ཞལ་གསུང་མ་པོད་གཉིས་བཅས་གནང་བའི་བརྒྱུད་པ་འོག་ཏུ་གསལ་ཞིང། གཉིས་པ་ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པའི་ཐབས་ཁྲིད་ཀྱི་གཞུང་ཤིང་ཆེན་པོ་བཞི་ལས། གཞུང་ཇི་ལྟ་བ་བཞིན་བཀྲི་བ་ཞེས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་རིམ་ཡོངས་རྫོགས་ཀྱིས་བཀྲི་བའི་དོན་ཡིན་པས། ཐོག་མར་སྔོན་འགྲོ་ཐུན་མོང་བ་སྣང་གསུམ་གྲུབ་འཕྲལ། པཎ་ཆེན་ངག་ཆོས་ཀྱི་སེམས་ཉིད་ངལ་བསོའི་སྟེང་ནས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་བརྡ་དོན་འཕྲོད་པར་ནོས་ནས། དེ་མུར་དེས་མཛད་པའི་ཡིག་སྟེང་ནས་སློབ་མ་རྗེས་འཛིན་དང་། བསག་སྦྱོང་གི་ཁྲིད་དམིགས་རྣམས་གནང། དེ་ནས་སློབ་དཔོན་ཉིད་ཀྱིས་བསྙེན་པ་ཁ་གསོ་ཞག་བདུན་མཛད། དེ་མཚམས་ཐུན་མོང་མ་ཡིན་