[A:༥༨༣ན]པའི་ལམ་རྣམས་སྙན་རྒྱུད་བཞི་དང་ལྡན་པ་དགོས་པས། དེ་ཡང་དབང་གི་ཆུ་བོ་མ་ནུབ་པ། གདམས་ངག་གི་སརྒ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམས་པ་སྟེ་བཞི་ལས། དང་པོ་ལ་འདིར་རྒྱུ་ལམ་གྱི་དབང་རིམ་པར་གནང་བ་ལས། ཐོག་མར་སྔགས་འཆང་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ཀྱེ་རྡོར་མངོན་དཀྱིལ་དང་། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་དབང་གི་མཚམས་སྦྱོར་བཅས་ཀྱི་སྟེང་ནས་སྨིན་བྱེད་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང་ག་ཆུ་བོ་མ་ནུབ་པ་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པའི་སྒོ་ནས་ལེགས་པར་ཐོབ། འདི་དུས་རྡོ་རྗེ་སློབ་མའི་དབང་རྣམས་གྲུབ་ནས། རྡོ་རྗེ་སློབ་དཔོན་གྱི་དབང་གི་མགོར་མཁན་ཆེན་ངག་ཆོས་ཀྱི་ཡིག་སྟེང་ནས་ཨཥྚའི་བཟླས་ལུང་གནང། ཁྲིད་ཀྱི་དངོས་གཞི་རྒྱུད་གསུམ་སྙིང་པོའི་ལེགས་བཤད་སྟེང་ནས་འཆད་ཐབས་ལས་བྱུང་བ་བཞིན་སྐབས་སོ་སོར་དམ་ཚིག་རྣམ་བཤད་བག་ཡོད་གཏམ་གྱི་བདུད་རྩི་དང་། ཕྱི་བསྐྱེད་རིམ་གྱི་རྣམ་བཤད་ཉུང་བ་གསང་ཆེན་བསྟན་པའི་འོད་ཕྲེང་དང་།