R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༨༢ན
[A:༥༨༢ན]ཅེས་གསུངས་པ་ལྟར། བླ་མ་ཚད་མ། ཉམས་མྱོང་ཚད་མ། བསྟན་བཅོས་ཚད་མ། བཀའ་ཚད་མ་སྟེ་ཚད་མ་བཞི་ཡིས་གཏན་ལ་འབེབས་པར་མཛད་པ་ལས། དང་པོ་བླ་མ་ཚད་མར་བྱ་བ་ལ་ངེས་ཤེས་ཁྱད་པར་ཅན་བསྐྱེད་པ་ལ། བླ་མ་བརྒྱུད་པའི་རྣམ་ཐར་དང་། བརྒྱུད་པའི་གསོལ་འདེབས་རྣམས་ཉན་དགོས་པས། དེ་ཡང་གསུང་ངག་སྔོན་འགྲོ་ལམ་གྱི་གཞི་བཅའ་བ་ལ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་སྣང་གསུམ་སྙིང་པོའི་ལེགས་བཤད་ཀྱི་སྟེང་ནས་བཀྲི་སྐབས་དབུར། དེས་མཛད་པའི་གསུང་ངག་རིན་པོ་ཆེ་བྱུང་ཚུལ་ཁོག་དབུབ་ཟིན་ཐུན་གྱི་རྣམ་བཤད་སྐབས་བསྡུས་ཙམ་རེ་འབྱུང་ཞིང། རྒྱབ་ཆོས་སུ། རྒྱ་བོད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་རྗེ་བཙུན་ཆེན་པོས་མཛད་པ་གླེགས་བམ་པོད་སེར་ན་བཞུགས་པ་སོགས་རིམ་པར་གནང་དགོས་ཀྱང་སྔོན་དུ་ངོར་ཨེ་ཝྃ་ཆོས་ལྡན་གྱི་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་ལས་གསུང་ངག་ལམ་འབྲས་ཚོགས་སློབ་གཉིས་སྔ་ཕྱིར་ཞུས་སྐབས་