[A:༥༨༧བ]དཔའ་ཆེན་པོ། མུས་ཆེན་སངས་རྒྱས་རིན་ཆེན། ཡོངས་འཛིན་དཀོན་མཆོག་འཕེལ་བ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། དེའི་དབོན་དཀོན་མཆོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། མཚུངས་མེད་བསོད་ནམས་རྒྱ་མཚོ། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན་མན་འདྲ།
ཡང་ན། ལྷུན་གྲུབ་དཔལ་ལྡན་ནས། ངོར་ཆེན་སངས་རྒྱས་ཕུན་ཚོགས། ངོར་པ་བཀྲ་ཤིས་ལྷུན་གྲུབ། ངོར་ཆེན་སངས་རྒྱས་ཡེ་ཤེས། ས་ཆེན་ཀུན་བློ་མན་འདྲ། ཡང་ན་དཀོན་མཆོག་དཔལ་ལྡན་ནས། ཐར་པཎ། ཤར་ཆེན་ཀུན་བཀྲས། དཔལ་མཆོག་རྒྱལ་མཚན། སངས་ཕུན་མན་འདྲ།
ཡང་གསུང་ངག་རྫོང་ལུགས་ཀྱི་བརྒྱུད་པ་ནི། གོང་མ་ལྔ་ནས་ཚོགས་སྒོམ། ཉན་ཆེན། བྲག་ཕུག་པ། བླ་མ་དམ་པ། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་ཆོས་རྒྱལ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མཁས་པ་རིག་པའི་གློག་ཕྲེང། རྗེ་བྱང་ཆུབ་དབང་རྒྱལ། རྗེ་ཤཱཀྱ་ཀུན་དགའ། མཁས་གྲུབ་ཡེ་ཤེས་དབང་པོ།