R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༨༨ན
[A:༥༨༨ན]རྗེ་ཚུལ་ཁྲིམས་བཀྲ་ཤིས། ཆོས་རྗེ་ཕྲིན་ལས་རྣམ་རྒྱལ། མང་ཐོས་བློ་གྲོས་དབང་ཕྱུག། ཡབ་རྗེ་བསོད་ནམས་རིན་ཆེན་ནས་དབང་ཁྲིད་གདམས་པ་རྣམས་ཆུ་བོ་གཅིག་འདྲེས་སུ་བརྒྱུད་ཚུལ་གང་གི་རྣམ་ཐར་ན་གསལ། ས་ཆེན་ཀུན་དགའ་བློ་གྲོས་ཉིད་ལ་ལམ་འབྲས་པ་སྔོན་དུས་སུ་གྲགས་པའི་བརྒྱུད་ཚུལ་རྣམས་དང་། དེང་དུས་ཀྱི་ངོར་རྫོང་ཚར་སོགས་བརྒྱུད་སྲོལ་ཀུན་བསྡུས་པ་དེ་ཉིད་ལས། ཟུར་འཆད་པ་གྲུབ་དབང་རིན་ཆེན་རྒྱལ་མཚན། དཔོན་སློབ་ལྔ་རིག་ཀུན་བཀྲས། ཡབ་རྗེ་པདྨའི་མཚན་ཅན། ཐེག་ཆེན་དབང་སྡུད་བཀྲ་ཤིས་རིན་ཆེན། འདྲེན་མཆོག་ཀུན་དགའ་སྙིང་པོ། རྡོ་རྗེ་འཆང་དྲག་ཤུལ་ཕྲིལ་ལས་རིན་ཆེན། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་འཇམ་དཔལ་བཟང་པོ། དེས་བདག་ལའོ། ། ཡང་ན། ཀུན་བློ། ཐར་རྩེ་ནམ་མཁའ་འཆི་མེད། ཐར་རྩེ་བྱམས་པ་ཀུན་དགའ་བསྟན་འཛིན། ཡབ་རྗེ་པད་འདུལ་མན་འདྲ། ཡང་ན། ཀུན་བློ། རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ། ཡབ་རྗེ་པད་འདུལ་མན་འདྲ། ཡང་ན། ཐར་རྩེ་བྱམས་པ་ཀུན་བསྟན་ནས། ཐེག་ཆེན་དབང་སྡུད་མན་འདྲ། ཡང་ན། ཡབ་རྗེ་པད་