R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༩༢ན
[A:༥༩༢ན]བཀྲ་ཤིས། ཡབ་རྗེ་ཀུན་དགའ་རིན་ཆེན། ངག་དབང་རྡོ་རྗེ་རིན་ཆེན། སྐལ་བཟང་ཆོས་ཀྱི་ཉི་མ། དྲག་ཤུལ་ཕྲིན་ལས་རིན་ཆེན། མཁན་ཆེན་འཇམ་དཔལ་བཟང་པོ། དེས་བདག་ལའོ། ། ཀུན་རིག་བརྒྱུད་འདེབས། ཕུར་པ་དང་། གུར་དྲག་གི་བརྒྱུད་འདེབས། བདེ་ཀྱེ་སོགས་ཀྱི་བརྒྱུད་འདེབས། ཡོངས་འཛིན་དཀོན་མཆོག་འཕེལ་དང་། མུས་ཆེན་སངས་རྒྱས་རིན་ཆེན། གློ་བོ་མཁན་ཆེན་བསོད་ནམས་བཅས་ཀྱི་བསྟོད་པའི་ལུང་བརྒྱུད་ནི། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། འཇམ་མགོན་ཨ་མེས་ཞབས། ས་ཆེན་ཀུན་དགའ་བཀྲ་ཤིས། རྗེ་བཙུན་མ་ཀུན་དགའ་བསྟན་པའི་ཉི་མ། ས་ཆེན་ཀུན་དགའ་བློ་གྲོས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། ཡབ་རྗེ་ཀུན་དགའ་རིན་ཆེན། འཁོན་སྟོན་རྡོ་རྗེ་རིན་ཆེན། སྐལ་བཟང་ཆོས་ཀྱི་ཉི་མ། རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན། མཁན་ཆེན་ འཇམ་དཔལ་བཟང་པོ། དེས་ཁོ་བོ་ལའོ། །ས་ལོས་མཛད་པའི་གུར་མགོན་གཏོར་ཟློག་དྲུག་ཅུ་པའི་ཆོ་ག་གསེར་སྐྱེམས་དཔང་གཟུ་དང་བཅས་ཀྱི་ལུང་