R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༩༢བ
[A:༥༩༢བ]བརྒྱུད་ནི། མཛད་པ་པོ་ནས། སྔགས་འཆང་ཆོས་ཀྱི་རྒྱལ་པོ། སྔགས་འཆང་གྲགས་པ་བློ་གྲོས། སྔགས་འཆང་ཀུན་དགའ་བསོད་ནམས། སྔགས་འཆང་བསོད་ནམས་དབང་ཕྱུག བཟང་ལྡན་སློབ་དཔོན་ཆོས་གྲགས། སྟག་རྩེ་བྱམས་པ་ལྷ་དབང་རིག་འཛིན། རྗེ་བཙུན་མ་ཀུན་དགའ་བསྟན་པའི་ཉི་མ། དྲིན་ཆེནན་ཀུན་དགའ་བློ་གྲོས། མངའ་བདག་རིན་ཆེན་རྒྱལ་མཚན། བྱམས་པ་ཀུན་དགའ་བཀྲ་ཤིས། ཡབ་རྗེ་ཀུན་དགའ་རིན་ཆེན། ངག་དབང་རྡོ་རྗེ་རིན་ཆེན། སྐལ་བཟང་ཆོས་ཀྱི་ཉི་མ། རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན། མཁན་ཆེན་འཇམ་དཔལ་བཟང་པོ། དེས་ཁོ་བོ་ལའོ། ། སྔགས་འཆང་རྒྱ་གར་ཤེས་རབ་བཟང་པོས་མཛད་པའི་བསང་ལ་རྒྱ་གར་ཤེར་བསང་དུ་གྲགས་པ་དང་། འཕགས་པ་རིན་པོ་ཆེའི་གསུང་དུ་གྲགས་པའི་དགྲ་ལྷ་དཔང་བསྟོད། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་སྡེ་བརྒྱད་ཆ་སྙོམས་ཞུས་དག་མ། འཇམ་མགོན་ཨ་མེས་མཛད་པའི་ཙི་དམར་བའི་སྐོང་བ་ཕན་བདེ་ཀུན་འབྱུང་མ། ཡང་བསམ་དོན་ཀུན་གྲུབ་མ། དེས་མཛད་པའི་བསེ་ཁྲབ་སྐོང་བ་ཕྲིན་ལས་ཀུན་འབྱུང།