[A:༥༩༣ན]བརྟན་མ་དང་། འགོ་ལྷ་དང་། ཀླུང་རྟའི་ལྷའི་གསོལ་ཁ། གངས་མཆོད་བཅས་ཀྱི་བསང་དཔེ་ས་ཆེན་ཀུན་བློས་ཆོག་སྒྲིགས་སུ་གནང་བ་དང་། གུར་ལྕམ་དྲལ་གྱི་སྔགས་དང་། ལས་མཁན་ཕོ་མོའི་འབོད་རྦད་བསད་གསུམ་གྱི་སྔགས་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། དཔང་གཟུགས་ཕོ་ཉའི་བསྐུལ་དམ་པས་མཛད་པ། འཕགས་པས་མཛད་པའི་བདུད་རྩི་ལྔ་མཆོད། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་དྲག་བསྐུལ། ཆོས་སྐྱོང་སྤྱིའི་དྲག་བསྐུལ། བསེ་མགོན་ཡིད་བཞིན་ནོར་བུ་གཙོ་བོར་སྨོས་པ་སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པ། འདོད་ཁམས་དབང་མོའི་དྲག་བསྐུལ་བདག་ཆེན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ལྷ་མོའི་བསྐང་གསོ་ལས་བྱུང་བ། སྔགས་འཆང་རྒྱ་གར་བས་མཛད་པའི་ཞལ་དང་། པུཏྲའི་དྲག་བསྐུལ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཅས་ཀྱི་ལུང་བརྒྱུད་ནི། སྔགས་འཆང་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས། བྱམས་པ་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་དགའ་བཀྲ་ཤིས་མན་གོང་བཞིན་ནོ། །
དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་