[A:༥༩༣བ]ནག་པོ་ཆེན་པོའི་སྐོང་བ་ནག་པོ་མཆོད་རྟེན་དུ་གྲགས་པ་དང་། སྐོང་བ་ཆོས་ཉིད་མའི་ལུང་བརྒྱུད་ནི། མཛད་པ་པོ་ནས། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། ཆོས་རྗེ་བླ་མ་དམ་པ། སྔགས་འཆང་གཟུངས་ཀྱི་དཔལ་བ། བླ་མ་དགེ་ལེགས་བཟང་པོ། ཟུར་བན་ཤཱཀྱ་དཔལ། བླ་མ་རྡོ་རྗེ་རྒྱལ་མཚན་སོགས་གོང་མགོན་པོད་གླེགས་བམ་མཆོད་རྟེན་དང་རྡོ་རྗེའི་རྟགས་ཡོད་པའི་བརྒྱུད་པ་བཞིན་ཡིན་གསུངས།
བདག་ཆེན་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་གུར་དྲག་ཕྲིན་གཞུང་དྲེགས་པ་ཟིལ་གནོན་གྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། ས་ལོ་འཇམ་པའི་རྡོ་རྗེ། རྒྱལ་སྲས་ངག་དབང་ཆོས་གྲགས། རྗེ་དཀོན་མཆོག་རྒྱ་མཚོ། བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། སྔགས་འཆང་ཀུན་དགའ་བཀྲ་ཤིས། སྔགས་འཆང་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་བཀྲས་མན་གོང་རྒྱ་གར་ཤེར་བསང་དང་འདྲ། སྔགས་འཆང་ཆེན་པོས་མཛད་པའི་གུ་རུ་དྲག་པོའི་དབང་ཆོག་མཐོང་བ་རང་གྲོལ་དང་། ལས་