[A:༥༩༤ན]མཐའ་གསལ་བྱེད་དགྲ་འགེགས་ཚར་གཅོད་གཉིས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། གྲུབ་མཆོག་བསོད་ནམས་དབང་པོ། སྔགས་འཆང་ཀུན་དགའ་བསོད་ནམས། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ་མན་བསང་དཔེ་བཞིན།
ཀུན་བློའི་གསུང་འབྱུང་བཞིའི་གཏོར་མ་དང་། རྒྱལ་གསོལ་འདོད་རྒུ་ཡོངས་འཁྱིལ་གྱི་ལུང་ནི། མཛད་པ་པོ་ནས། རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ། ཡབ་རྗེ་ཀུན་དགའ་རིན་ཆེན་མན་བསང་དཔེ་ལྟར། ཀུན་དགའ་བཀྲ་ཤིས་དང་། དབང་སྡུད་སྙིང་པོས་མཛད་པའི་བསྟན་པ་གསོ་ཆོག་གི་ལུང་བརྒྱུད་ནི། མཛད་པ་པོ་ནས། མཆོད་དཔོན་པ་སུམ་ལྡན་དཀོན་མཆོག་རྒྱལ་པོ། འཇམ་དབྱངས་བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ། ལྔ་རིག་ཀུན་བཀྲས། ཡབ་རྗེ་ཀུན་རིན་མན་བསང་དཔེ་ལྟར་རོ། །
ཀུན་བློས་མཛད་པའི་བརྒྱ་བཞི་དང་། ཤ་བརྒྱ་ཟན་བརྒྱ་བཅས་ཀྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། རྗེ་བཙུན་འཆི་མེད་བསྟན་ཉི། དུས་མཆོད་པ་ཀུན་དགའ་རྣམ་རྒྱལ། མཁན་ཆེན་རིན་ཆེན་མཆོག་ལྡན། མཁན་ཆེན་རིན་ཆེན་མཆོག་ལྡན། ཆོས་ཉིད་ཡེ་ཤེས། ཡེ་ཤེས་རྒྱལ་མཆོག། ཡོངས་