[A:༥༩༩ན]མཁྱེན་པའི་སོགས་ཤླཽ་ཀ་གཅིག་མ་གཏོགས་ཤླཽ་ཀ་བདུན་གྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། མུས་ཆེན་དཀོན་མཆོག་རྒྱལ་མཚན། གླང་ཐང་པ་སྤྱན་སྔ་བློ་གྲོས། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་མགོན་ཀུན་དགའ་ལྷུན་གྲུབ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ་མན་ལོ་བསྟོད་བཞིན། ཀུན་མཁྱེན་གསུང་གི་བདུད་རྩི་ཡི། ། སོགས་ངོར་ཆེན་བསྟོད་པ། མཛད་པ་པོ་སུ་ཡིན་བརྟགས། དེ་ནས་མུས་ཆེན་དང་། འཇམ་དབྱངས་ཤེས་རབ་རྒྱ་མཚོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །མཁས་གྲུབ་དཔལ་རྡོར་བཅས་ཀྱི་བསྟོད་པ་ཤླཽ་ཀ་རྣམས་ཀུན་མཁྱེན་གྱིས་མཛད། ཡོངས་འཛིན་ལ་བསྟོད་པ། ཟབ་ཡངས་མ་གློ་བོ་མཁན་ཆེན་གྱིས་མཛད་པ། ཀུན་མཁྱེན་བླ་མས་ཕར་ཕྱིན་དཀའ་འགྲེལ་གྱི་སྦྱར་བྱང་བསྒྱུར་བ་རང་བསྟོད་རྒྱ་ཆེན་མ། ཤླཽ་ཀ །ཡོངས་འཛིན་ལ་བསྟོད་པ། དཀོན་མཆོག་གསུམ་དངོས་མ། ཤླཽ་ཀ་དང་། མུས་ཆེན་སངས་རྒྱས་