[A:༥༩༩བ]རིན་ཆེན་ལ་བསྟོད་པ་འདི་སུས་མཛད་མ་གསལ། ས་ལོས་རང་བསྟོད་རབ་མཛེས་མ་འོག་བླ་མཆོད་དང་འདྲ། དུས་གསུམ་རྒྱལ་བའི་དང་། རིགས་གསུམ་རྣམ་འཕྲུལ་གཉིས་སུས་མཛད་བརྟག །
ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་རང་བསྟོད་དཀོན་མཆོག་གསུམ་དངོས་ཡོངས་འཛིན་སོགས་ཀྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། རྗེ་ཀུན་དགའ་བཀྲ་ཤིས། རྗེ་ངག་དབང་ཆོས་ལྡན། བསོད་ནམས་བསྟན་འཛིན་དབང་པོ། མཁན་ཆེན་བཟང་པོ་རྒྱལ་མཚན། འཇམ་དབྱངས་ཀུན་དགའ་བཀྲ་ཤིས་མན་འདྲ།
སྔགས་འཆང་ཆེན་པོའི་ཞལ་གསུང་མ་ཤེས་བྱ་ཀུན་ལ་མ་ཤླཽ་ཀ་དང་། བྱམས་པའི་དཔལ་མངའ། གྲགས་པའི་མཁའ་ཁྱབ། གྲགས་པ་རྒྱལ་མཚན་བཅས་ཤླཽ་ཀ་གསུམ་པོ་འདི་ཞལ་གསུང་མ་ཡིན་འདྲ། ཡིན་ཚེ་བརྒྱུད་པ་ཡང་མཛད་པ་པོ་སོ་སོ་ནས་ཨ་མེས་ཞབས་སོགས། ངག་གི་དབང་པོ་སོགས་ཤླཽ་ཀ་མཛད་པ་པོ་ཨ་མེས་ཞབས་ཡིན་པས། འོག་གི་སྔོན་ཚེ་ཆོས་རྒྱལ་སོགས་དང་བརྒྱུད་པ་གཅིག། སངས་རྒྱས་ཀུན་འདུས་མའི་ལུང་བརྒྱུད་ནི། མཛད་པ་པོ་སོ་སོ་ནས། རྗེ་རིན་ཆེན་ཆོས་འཕེལ། མུས་ཆེན་སངས་རྒྱས་རྒྱལ་མཚན། འཇམ་