[A:༦༠༠ན]མགོན་ཨ་མེས་ཞབས། འཇམ་དབྱངས་བསོད་ནམས་དབང་ཕྱུག ། སྔགས་འཆང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས་མན་གོང་འདྲ། སྔོན་ཚེ་ཆོས་རྒྱལ། མདོ་རྒྱུད་མན་ངག འཇམ་དབྱངས་རིགས་ཀྱི། ལྷ་མཆོག་ངག་གི་དབང་ཕྱུག་སོགས་ཤླཽ་ཀ་དེ་རྣམས་ཨ་མེས་ཞབས་ཀྱི་ཞལ་གསུང་མའི་བརྒྱུད་པ་ནི། མཛད་པ་པོ་ནས། སྔགས་འཆང་ཀུན་བཀྲས། ཡབ་རྗེ་བསོད་ནམས་རིན་ཆེན། ཀུན་བློ་མན་གོང་འདྲ།
ངག་གི་དབང་ཕྱུག་འཇམ་མགོན་ཀུན་དགའ་བཀྲ་ཤིས་ཀྱི་ཞལ་གསུང་མའི་བརྒྱུད་པ། ཡབ་རྗེ་བསོད་ནམས་རིན་ཆེན། ཀུན་བློ་མན་འདྲ། ཡོ་ག་ལྟར་གྱི་མཆོད་པ་བྱིན་རླབས་འབུལ་ཚིག ཨོཾ་སརྦ་བིད་པཱུ་ར་པཱུ་ར་སོགས་ཀྱི་སྔགས་དང་། རྒྱལ་སྲིད་སྣ་བདུན་དང་། འདོད་ཡོན་ལྔ་འབུལ་ཚིག་རྣམས་ཀུན་རིགས་སོགས་ལས་འབྱུང་ཞིང་། འཕགས་པ་རིན་པོ་ཆེས་མཛད་པའི་མཎྜལ་སོ་བདུན་མ་དང་། གང་གི་མཆོད་རྫས་མའི་ལུང་བརྒྱུད་གོང་གི་ཞི་བ་གདོང་བཞི་མ་ལྟར་རོ། །ཨ་མེས་ཞབས་ཀྱིས་མཛད་པའི་ས་སྐྱའི་རྗེ་བཙུན་མ་ཤླཽ་ཀ་བརྒྱད་པོ་