[A:༦༠༠བ]ངག་དབང་རྣམ་རྒྱལ་དང་། བཟང་པོ་རྒྱལ་མཚན་གཉིས་ཀ་ལས་ཀུན་དགའ་བཀྲ་ཤིས་ཀྱིས་གསན་པ་མན་འདྲའོ། །
བདག་ནི་ཐོག་མེད་མ་དང་། ཕྱོགས་བཅུ་དུས་གསུམ་ཚིག་ལྷུག ཐོས་པ་རྒྱ་མཚོ་རྣམས་ཕྱག་མཆོད་ཀྱི་གྲས་ཡིན་པས་ལུང་བརྒྱུད་གོང་དང་འདྲ། སྐྱེ་བ་ཀུན་ཏུ་ཤླཽ་ཀ་སུས་མཛད་བརྟག སྡུག་བསྔལ་ཆུ་བོ་བཞི་ཡི་སོགས་ནས། འགྲོ་བའི་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག ། བར་འཇམ་དབྱངས་ས་པཎ་གྱིས་མཛད་པ། ལུང་བརྒྱུད་ཀྱང་གོང་གི་ཐོག་བྱའི་ཡོན་ཏན་དང་འདྲ།
བླ་མ་ས་སྐྱ་པ་ཆེན་པོ་ལ་རྣལ་འབྱོར་དབང་ཕྱུག་གཙོ་འཁོར་ལྔས་ཞལ་གཟིགས་དུས་ཐུགས་ཉམས་ཀྱི་ཤུགས་ལས་བྱུང་བའི་བིར་བསྟོད། ཨ་ལ་ལ་སྟེ་མ་དང་། འཇམ་མགོན་ས་པཎ་གྱིས་མཛད་པའི་དང་སྐུ་མ། དཔལ་ལྡན་ཁྱོད་ཀྱི་སོགས་དང་། དཀོན་མཆོག་རྒྱལ་པོའི་བསྟོད་པ། རིགས་རུས་ཆོ་འབྲང་སོགས། བསྟན་པའི་སྒྲོན་མེ་སོགས་ཤླཽ་ཀ་རེ་རེ་དང་། ས་ཆེན་བསྟོད་པ། ཚངས་དབང་མ་རྗེ་བཙུན་རྩེ་མོས་མཛད་པ་དང་། དེའི་བསྟོད་པ། ཁྱོད་ཉིད་མ་དང་། ཚངས་སྤྱོད་མ་རྗེ་བཙུན་རིན་པོ་ཆེས་མཛད་པ་དང་། དེའི་བསྟོད་པ།