R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༠༡ན
[A:༦༠༡ན]བདེ་གཤེགས་བསྟན་པའི་དང་། ཡོན་ཏན་རྒྱ་མཚོ་ཡོངས་རྫོགས་ཆོས་རྗེ་རིན་པོ་ཆེས་མཛད་པ་དང་། དེའི་བསྟོད་པ། ཆོས་རྒྱལ་མ། ཡོན་ཏན་ཚད་མེད་བཅས་ཡར་ཀླུང་པས་མཛད་པ། དབུར་ཡོད་པའི་ཤེས་བྱ་མ་ཤླཽ་ཀ་གཅིག་དང་། སྐྱེ་བ་སྐྱེ་བ་སོགས་མཇུག་ན་ཡོད་པ་རིགས་གཏེར་ལས་བྱུང་ཞིང་། ཨ་མེས་ཞབས་ཀྱིས་མཛད་པའི་དེ་བཞིན་གཤེགས་པ་མི་འཁྲུགས་སོགས་ཤླཽ་ཀ་གཉིས་དང་། གཙང་ནགས་ཕུག་པ་འཇམ་དབྱངས་ཤེས་རབ་འོད་ཟེར་གྱིས་མཛད་པའི་འཕགས་པ་རིན་པོ་ཆེའི་བསྟོད་པ། སངས་རྒྱས་ཀུན་གྱི་སོགས་དེ་རྣམས་ཀྱི་ལུང་བརྒྱུད་གོང་མ་གཞན་དུ་བཙལ་ལ། བྱམས་པ་ངག་དབང་རྣམ་རྒྱལ་ལས། འཇམ་དབྱངས་ཀུན་དགའ་བཀྲ་ཤིས་ཀྱིས་གསན། དེ་ལས་ཡབ་རྗེ་བསོད་ནམས་རིན་ཆེན་མན་འདྲ། རྒྱ་ནག་རྒྱལ་པོ་གོ་པེ་ལས་ཕུལ་བར་གྲགས་པ་འཕགས་བསྟོད་པ། གྲགས་ལྡན་ཀུན་ཏུ་བཟང་མ་ཤླཽ་ཀ་ལ་བརྒྱུད་པ་མི་རྙེད་གསུངས། རྒྱལ་སྲས་ཐོགས་མེད་པས་མཛད་པའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བསྟོད་པ། བསོད་ནམས་ཡེ་ཤེས་མ། ཤླཽ་ཀའི་བརྒྱུད་པ་འོག་རྒྱལ་