[A:༦༠༡བ]བའི་སྐུ་གསུང་ཐུགས་ཀྱི་དང་འདྲ། གཡག་སྟོན་སངས་རྒྱས་དཔལ་གྱི་བསྟོད་པ། སངས་རྒྱས་བསྟན་པའི་དང་། ཀུན་མཁྱེན་རོང་སྟོན་གྱི་བསྟོད་པ་མང་ཐོས་ནགས་ཚལ་སོགས་ཀྱི་བརྒྱུད་པ་རྙེད་དཀའ་གསུངས། མི་ཉག་པཎ་ཆེན་གྲགས་པ་རྡོ་རྗེས་མཛད་པའི་ཀུན་མཁྱེན་གྱི་བསྟོད་པ། བསོད་ནམས་ཡེ་ཤེས་མའི་ལུང་བརྒྱུད་ནི། མཁན་ཆེན་བཟང་པོ་རྒྱལ་མཚན་ཡན་བཙལ། དེ་ནས་འཇམ་མགོན་ཀུན་དགའ་བཀྲ་ཤིས་མན་འདྲ།
ས་ལོའི་བསྟོད་པ། རབ་མཛེས་མ་ཞལ་གསུང་མ་དང་། དུས་གསུམ་རྒྱལ་བའི་སོགས་ཤླཽ་ཀ་ལམ་འབྲས་ཕྱག་མཆོད་དུ་སྨོས་པ་བཞིན། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་རང་བསྟོད། ཤེས་བྱ་ཀུན་ལ་ནི་མཛད་པ་པོ་ནས། བསོད་ནམས་དབང་པོ། ཨ་མེས་ཞབས། མངྒའི་མཚན་ཅན། ཡབ་རྗེ་བསོད་ནམས་རིན་ཆེན་མན་འདྲ། མཛེས་ཤིང་ལྟ་བས་ནས། བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག་བར། སྐྱེད་ལྷས་གྲུབ་ཆེན་དཔལ་ལྡན་རྡོ་རྗེས་མཛད་པ། ལུང་བརྒྱུད་གོང་འདྲ། ངག་གི་དབང་པོའི་ནས། ཕྲིན་ལས་རྒྱས་གྱུར་ཅིག་བར་སྤྱན་སྔ་ངག་དབང་ཆོས་གྲགས་ཀྱིས་མཛད་པ། མཛད་པ་པོ་ནས། བསོད་ནམས་དབང་པོ་མན་འདྲ།