[A:༦༠༢ན]ཡང་དེའི་བསྟོད་པ། བྱིན་རླབས་ཆར་འབེབས་མ་བསོད་ནམས་དབང་པོས་མཛད་པ་དང་། དེའི་བསྟོད་པ་ཨ་མེས་ཞབས་ཀྱིས་མཛད་པ། བྱམས་པའི་མངའ་བདག་དང་། ཡང་དེའི་བསྟོད་པ་ཞལ་གསུང་མ། རྒྱལ་བ་རྒྱ་མཚོའི་དང་། འཛམ་གླིང་ཆེ་རྒུ་གཉིས། སྔགས་འཆང་གྲགས་བློའི་བསྟོད་པ་ཀུན་བསོད་ཀྱིས་མཛད་པ། སྔགས་འཆང་བསྟན་ཉི་མ་དང་། རང་བསྟོད། འགྲོ་བའི་མགོན་པོ་དང་། ཡང་ཀུན་བསོད་ཀྱིས་མཛད་པ་ལེགས་པའི་འབྱུང་གནས་བཅས་ཀྱི་ལུང་བརྒྱུད། ཞལ་གསུང་གཉིས་མཛད་པ་པོ་སོ་སོ་ནས། ཨ་མེས་ཞབས་སོགས་དང་། གཞན་ཨ་མེས་ཞབས་རང་ནས། འཇམ་དབྱངས་ཀུན་བཀྲས་སོགས་རིམ་པར་བརྒྱུད་པ་གོང་འདྲ།
སྒར་ཆེན་གྱི་བསྟོད་པ། གྲགས་པ་རྒྱལ་མཚན་ཤླཽ་ཀ་དང་། འཇམ་དབྱངས་ཀུན་དགའ་དབང་རྒྱལ་གྱི་བསྟོད་པ། ངག་གི་དབང་པོའི་མཁྱེན་བརྩེ་སོགས་དང་། རྗེ་རིན་ཆེན་ཆོས་འཕེལ་གྱིས་མཛད་པའི་མུས་ཆེན་བསྟོད་པ། སངས་རྒྱས་ཀུན་འདུས་མ། སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱི་