R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༠༢བ
[A:༦༠༢བ]བསྟོད་པ། སྔོན་ཚེ་ཆོས་རྒྱལ་མ། མཁན་ཆེན་ངག་ཆོས་ཀྱི་བསྟོད་པ། མདོ་རྒྱུད་མན་ངག་མ། མུས་ཆེན་སངས་རྒྱས་རྒྱལ་མཚན་གྱི་བསྟོད་པ། རྒྱལ་བ་གཉིས་པ་རྣམས་ཀུན་བསོད་ཀྱིས་མཛད་པ་རྣམས་དང་། ཨ་མེས་ཞབས་ཀྱི་སྐུ་བསྟོད། ངག་དབང་ལྷ་ཡི་མ་དང་། འཇམ་དབྱངས་རིགས་ཐིག་མ། བསོད་ནམས་དབང་ཕྱུག་གི་བསྟོད་པ། ལྷ་མཆོག་དག་གི་མ་དང་། ངག་དབང་ལྷ་ཡི་ཏི་ལ་ཀ །ཀུན་བསོད་ཀྱི་ཞལ་གསུང་མ་རྣམས་ཀྱི་ལུང་བརྒྱུད་གོང་ས་སྐྱའི་རྗེ་བཙུན་དང་འདྲ། རྒྱལ་བ་གཉིས་པ་ཞལ་གསུང་མ་མཛད་པ་པོ་ནས། ཀུན་བཀྲས་མན་གོང་འདྲ། དེའི་མཇུག ། རིགས་བརྒྱའི་ཁྱབ་བདག་དང་། ཀུན་བཀྲས་ཀྱི་བསྟོད་པ། ངག་གི་དབང་ཕྱུག་གཉིས་ཀུན་བཀྲས་ཀྱིས་མཛད་པ། དེ་ནས། ཡབ་རྗེ་བསོད་ནམས་རིན་ཆེན་སོགས་ལུང་བརྒྱུད་གོང་འདྲ། རྒྱལ་དབང་བློ་བཟང་རྒྱ་མཚོས་མཛད་པའི་ཡང་སྙིང་མ་ཤོ་ལོ་ཀ་གཉིས་བརྒྱུད་པ་མ་ངེས། ཀུན་མཁྱེན་རིན་པོ་ཆེས་མཛད་པའི་ཕར་ཕྱིན་བརྒྱུད་འདེབས་འགྲོ་བའི་བླ་མའི་ལུང་བརྒྱུད་འོག་མི་མཇེད་མ་དང་འདྲ། དེའི་ཁ་སྐོང་ཐམས་ཅད་མཁྱེན་པ་ས་སྐྱ་ལོ་ཙཱའི་སོགས་ཨ་མེས་ཞབས་ཀྱིས་མཛད་པས་ལུང་བརྒྱུད་རིགས་ཐིགས་མ་དང་འདྲ། བྱམས་དང་སྙིང་རྗེ་