[A:༦༠༣ན]སོགས་ནས། ལུང་རིག་འདྲེན་པའི་བླ་མར་གསོལ་བ་འདེབས། བར་སྔགས་འཆང་ཀུན་བཀྲས་ཀྱིས་མཛད་པས། དེ་ནས་བསོད་ནམས་རིན་ཆེན། ཀུན་བློ་མན་གོང་འདྲ། རབ་འབྱམས་སོགས་གོང་གི་འཕྲོ་ཡིན། ཚད་མའི་བརྒྱུད་འདེབས། མཐའ་དག་མ་ཀུན་མཁྱེན་གྱིས་མཛད་པའང་ལུང་བརྒྱུད་འོག་གི་མི་མཇེད་མ་དང་འདྲ། རོང་སྟོན་གྱིས་མཛད་པའི་གཡག་བསྟོད། སངས་རྒྱས་བསྟན་ཉི་མའི་བརྒྱུད་པ་ནི། བཟང་པོ་རྒྱལ་མཚན་ཡན་གཞན་ནས་བཙལ། ཀུན་དགའ་བཀྲ་ཤིས་མན་འདྲ། ངོར་ཆེན་གྱི་བསྟོད་གསོལ། སྡེ་སྣོད་མ་མུས་ཆེན་གྱིས་མཛད་པ་ནི། མཛད་པ་པོ་ནས། འཇམ་དབྱངས་ས་ལོ་ཆེན་པོ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། ཤར་ཆེན་ཀུན་བཀྲས། ཤར་ཆེན་ཤེར་འབྱུང། ལྷུན་གྲུབ་དཔལ་ལྡན། སྔགས་འཆང་ཀུན་དགའ་བཀྲ་ཤིས། རྗེ་བཙུན་མ་བསྟན་པའི་ཉི་མ། གནས་གསར་རྡོ་རྗེ་འཆང་། དེ་གཉིས་ཀ་ལས་ཀུན་བློ་མན་འདྲ། བདག་ཆེན་ཆུ་མིག་པས་མཛད་པའི་མུས་ཆེན་སེམས་དཔའ་ཆེན་པོའི་བསྟོད་པ། ཐུབ་བསྟན་གསེར་ཁང་མ་དང་། རོང་སྟོན་ཐམས་ཅད་མཁྱེན་