[A:༦༠༣བ]པས་མཛད་པའི་ངོར་ཆེན་གྱི་བསྟོད་པ། རབ་དཀར་མ་འདི་གཉིས་ཀྱང་ཀུན་དགའ་བཀྲ་ཤིས་ཀྱིས། བཟང་པོ་རྒྱལ་མཚན་ནས་གསན་པ་མན་འདྲ། ཀུན་མཁྱེན་གྱིས་མཛད་པའི་མུས་ཆེན་གྱི་བསྟོད་པ། རིན་ཆེན་དཀོན་མཆོག་མ་ཕར་ཚད་བརྒྱུད་འདེབས་དང་འདྲ། གློ་བོ་མཁན་ཆེན་གྱིས་མཛད་པའི་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བསྟོད་པ། རྒྱལ་བ་ཀུན་གྱི་རིགས་བདག་མ་བརྒྱུད་པ་བཙལ། སྔགས་འཆང་ཆེན་པོས་མཛད་པ་ས་ལོའི་བསྟོད་པ། རྒྱལ་བའི་མཁྱེན་བརྩེའི་ལུང་བརྒྱུད་ཤེས་བྱ་ཀུན་ལ་དང་འདྲ།
ཨ་མེས་ཞབས་ཀྱིས་མཛད་པའི་འཇམ་པའི་དབྱངས་ཀྱི་བསྟོད་པ་བྱིན་རླབས་སྐུལ་བྱེད། རྒྱལ་བ་ཀུན་གྱི་མཁྱེན་རབ་མ་ཀུན་བཀྲས་མན་འདྲ། གློ་བོ་མཁན་ཆེན་གྱིས་མཛད་པའི་ས་ལོའི་བསྟོད་པ། ཟབ་ཡངས་མ་བརྒྱུད་པ་ས་ལོའི་བླ་མཆོད་དང་འདྲ། གློ་བོ་མཁན་ཆེན་ལེགས་པའི་འབྱུང་གནས་ནས་ས་ལོ་འཇམ་པའི་རྡོ་རྗེ་སོགས་སོ། །སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བསྟོད་པ། དཀོན་མཆོག་གསུམ་གྱི་གདུང་འཛིན་མའི་བརྒྱུད་པ་ཤེས་བྱ་ཀུན་ལ་དང་འདྲ། ས་ལོས་