R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༠༤ན
[A:༦༠༤ན]མཛད་པའི་མུས་ཆེན་སངས་རིན་གྱི་བསྟོད་པ། སངས་རྒྱས་ཀུན་གྱི་ངོ་བོ་མའི་བརྒྱུད་པ་འོག་བླ་མཆོད་དང་འདྲ། བདག་ཆེན་ངག་གི་དབང་ཕྱུག་གི་བསྟོད་པ། ཉེས་པས་མ་གོས་མ་མཛད་པ་པོ་དང་བརྒྱུད་པ་བཙལ། རོང་སྟོན་གྱི་བསྟོད་པ། གསུང་རབ་མ་རང་ཉིད་ཀྱིས་མཛད་པའི་བརྒྱུད་པ་གོང་མ་ཚོལ་ཞིང་མཁན་ཆེན་བཟང་པོ་རྒྱལ་མཚན་མན་གོང་འདྲ། ངོར་ཆེན་བསྟོད་པ། དད་པའི་རྦ་རླབས་མ་འཇམ་དབྱངས་ཤེས་རབ་རྒྱ་མཚོས་མཛད་པའི་ལུང་བརྒྱུད་ནི། མཛད་པ་པོ། ཤར་ཆེན་ཤེར་འབྱུང། མཁན་ཆེན་ལྷུན་གྲུབ་དཔལ་ལྡན། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ་མན་གོང་ཚོགས་གཉིས་མཐར་ཕྱིན་མ་སོགས་ཤོ་ལོ་ཀ་དང་འདྲ། ལྷ་ཆེན་མཁན་ཆེན་བྱམས་པ་ལེགས་པའི་བློ་གྲོས་ཀྱི་བསྟོད་པ། བྱམས་པའི་ལེགས་གསུང་དང་། དཔལ་ལྡན་མཁྱེན་བརྩེ་མ། ངོར་ཆེན་དཀོན་ལྷུན་གྱིས་མཛད་པའི་བརྒྱུད་པ་ནི། མཛད་པ་པོ་ནས། མཁན་ཆེན་ནམ་མཁའ་དཔལ་བཟང། མཁས་གྲུབ་དཔལ་ལྡནན་དོན་གྲུབ། འཇམ་མགོན་དཔལ་