[A:༦༠༤བ]མཆོག་རྒྱལ་མཚན། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། མཁན་ཆེན་དཔལ་ལྡན་ཆོས་སྐྱོང། དབོན་རིན་ཆེན་མཆོག་གྲུབ། མཚུངས་མེད་ཀུན་དགའ་བསོད་ནམས། རྡོ་རྗེ་འཆང་ངག་དབང་ཆོས་འབྱོར། བླ་མ་དཔལ་ལྡན་ཕྲིན་ལས། ཁྱབ་བདག་ངག་དབང་བཟང་པོ། ས་སྐྱ་པ་ངག་དབང་རྡོ་རྗེ་རིན་ཆེན་མན་བསང་དཔེ་བཞིན་ནོ། །
ཡང་དེའི་བསྟོད་པ་མང་ཐོས་མའི་བརྒྱུད་པ་བཙལ། བིར་བསྟོད། དུས་གསུམ་མ་གསུང་ངག་པོད་དམར་མའི་བར་ཆད་ཀུན་སེལ་ན་བཞུགས་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་འཁྲུལ་མེད་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས། མུས་ཆེན་དཀོན་མཆོག་རྒྱལ་མཚན། དེ་གཉིས་ཀ་ལས་འཇམ་དབྱངས་ཤེས་རབ་རྒྱ་མཚོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཀུན་མཁྱེན་བསོད་ནམས་སེང་གེ་བཞིས་གསན། དེ་ལྔ་ལས་ཡོངས་འཛིན་དཀོན་མཆོག་འཕེལ་གྱིས་གསན། དེ་ལས་ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་ལྷུན། སྔགས་འཆང་ཆོས་ཀྱི་རྒྱལ་པོ། གྲུབ་མཆོག་བསོད་ནམས་དབང་པོ། འཇམ་མགོན་ཀུན་དགའ་