[A:༦༠༥ན]བསོད་ནམས། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ་མན་གོང་བསང་དཔེ་བཞིན་ནོ། འཁོན་བསྟོད་ཤོ་ལོ་ཀ་གཉིས་ཡིག་རྙིང། བླ་མ་ས་སྐྱ་པ་ཆེན་པོས་མཛད་པའི་རྣལ་འབྱོར་དབང་ཕྱུག་ཞང་དགོན་པ་བའི་བསྟོད་པ། ཡོན་ཏན་མཆོག་མངའ་མའི་ལུང་བརྒྱུད་ནི། ཨ་ལ་ལ་སྟེ་དང་འདྲ། མཁན་ཆེན་ཞྭ་ལུ་བས་ཞུས་པ་གོང་ས་ལྔ་པས་མཛད་པའི་བསོད་ནམས་དབང་ཕྱུག་པའི་ཞབས་བརྟན་རྡོ་རྗེ་གུར་ཁང་མ་དང་། ཡང་དེས་མཛད་པའི་འཇམ་མགོན་ཀུན་བཀྲས་ཀྱི་ཞབས་བརྟན་ཕྱོགས་ལས་རྣམ་རྒྱལ་མ་གཉིས་ཀྱི་ལུང་བརྒྱུད་བཙལ།
འཇམ་མགོན་ཀུན་བསོད་ཀྱིས་མཛད་པའི་ཨོ་རྒྱན་གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་བརྒྱུད་པ་ནི། མཛད་པ་པོ། གྲུབ་དབང་བསྟན་པ་རབ་རྒྱས། འཇམ་མགོན་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་བསོད་ནམས་རིན་ཆེན། ཀུན་བློ་མན་གོང་བིར་བསྟོད་དུས་གསུམ་མ་དང་འདྲ།
དཀོན་བརྩེགས་ཀྱི་མདོ་ལས་གསུངས་པའི་ཕུང་པོ་གསུམ་པའི་མདོའི་ལུང་བརྒྱུད་ནི། ཐུབ་དབང་ཤཱཀྱ་སེངྒེ་ཀུན་དགའ་བོ། །