[A:༦༡༢ན]སྔགས་འཆང་ཀུན་དགའ་བསོད་ནམས། འཇམ་མགོན་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས། བྱམས་པ་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་རྒྱལ་མཚན། མཁན་ཆེན་བཀྲ་ཤིས་ཆོས་འཕེལ། རྡོ་རྗེ་འཆང་ཀརྨ་རཏྣ། མཁན་ཆེན་རྡོ་རྗེ་འཆང་འཇམ་དཔལ་བཟང་པོ། དེས་ཁོ་བོ་ལའོ། །
བདག་ཆེན་རྒྱ་གར་བས་མཛད་པའི་ཞལ་སྐོང་སྟོབས་འཕྲོག་མ་དང་། པུ་ཏྲ་དང་། དཀར་མོའི་སྒོས་སྐོང་རྒྱས་པ་རྣམས་ཀྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། ས་ལོ་འཇམ་པའི་རྡོ་རྗེ། འཇམ་དབྱངས་བསོད་ནམས་དབང་པོ། སྔགས་འཆང་ཀུན་དགའ་བསོད་ནམས། འཇམ་དབྱངས་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས། ཆོས་རྗེ་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་བཀྲས་མན་འདྲ། ས་ལོ་ཙཱ་བ་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་བསྟན་སྲུང་རྣམས་ཀྱི་སྐོང་བ་བསྐང་གསར་དུ་གྲགས་པ་དང་། ལྷ་མོའི་སྒོས་སྐོང་དངོས་གྲུབ་རོལ་མཚོ། བཀའ་སྲུང་རྣམས་ཀྱི་བསྟོད་པ་དགྲ་བགེགས་སྲོག་གཅོད་ཀྱི་