[A:༦༡༢བ]འཁོར་ལོ་རྣམས་ཀྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། སྔགས་འཆང་མན་གོང་བཞིན་ནོ། །
གཉེན་ལོ་ཙཱ་བས་མཛད་པའི་ཞལ་གྱི་སྐོང་བ་ལྷ་མཆོག་མ་སྤྱན་འདྲེན་དང་བཅས་པའི་ལུང་བརྒྱུད་མཛད་པ་པོ་ནས། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ཡན་ཞལ་བསྙེན་དུས་ཀྱི་རྗེས་གནང་བཞིན་ལ། བདག་ཆེན་རྒྱ་གར་བ་མན་གོང་བཞིན་ནོ། །
སྔགས་འཆང་ཆེན་པོས་མཛད་པའི་སྐོང་བ་བསྡུས་པའི་བརྒྱུད་པ་ནི། མཛད་པ་པོ་ནས། འཇམ་དབྱངས་བསོད་ནམས་དབང་པོ། འཇམ་མགོན་ཨ་མེས་ཞབས་མན་གོང་དང་འདྲ། ཨ་མེས་ཞབས་ཀྱིས་མཛད་པའི་དམག་ཟོར་མའི་གཏོར་མ་བྱིན་རླབས། མངོན་རྟོགས། སྨན་རཀ་གཏོར་འབུལ་ཕྲིན་བཅོལ་བཅས་དང་། ཆོས་དབྱིངས་སྤྲོས་བྲལ་སོགས་སྐོང་བསྟོད། ཕྲིན་བཅོལ་ཕྱོགས་གཅིག་ཏུ་བསྡུས་པ། བསྟོད་བསྐུལ་མྱུར་འགྲུབ་ཕོ་ཉ། ཡང་དེས་མཛད་པའི་དུར་ཁྲོད་བདག་པོའི་སྐོང་བཤགས་ཟློག་བསྐུལ་བསྟོད་པ་དང་བཅས་པའི་ཚིགས་སུ་བཅད་པ། བསམ་དོན་ཀུན་འགྲུབ་ཕྲིན་ལས་མཁའ་ཁྱབ་དང་། ཡང་དེས་མཛད་པའི་པུ་ཏྲའི་བསྟོད་བསྐུལ་བདུད་དཔུང་ཀུན་འཇོམས། ཡང་དེས་མཛད་པའི་དཀར་བདུད་བསྟོད་པ་