R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༡༨ན
[A:༦༡༨ན]འཁོར་ལོ་རྩིབས་བཅུ་དང་། ལྟས་ངན་བརྒྱད་ཅུའི་ཟློག་པ། བདག་ཤྭ་ས་གསུམ་གྱི་བསྐུལ་རྣམས་ཀྱི་ལུང་བརྒྱུད་ནི། བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། ས་ལོ་ཆེན་པོ་མན་གོང་དང་འདྲ། འཇམ་མགོན་ཀུན་བློས་མཛད་པའི་ཕུར་པ་ལས་བཞིའི་སྦྱིན་སྲེག་གི་ལུང་བརྒྱུད་ནི། མཛད་པ་པོ་ནས། ལྔ་རིག་ཀུན་བཀྲས། ཕུར་བླ་ཐམས་མཁས་ཆོས་འཕེལ། གྲུབ་དབང་དཔལ་བཟང་ཕྲིན་ལས། འདྲེན་མཆོག་ངག་དབང་བློ་ལྡན། མང་ཐོས་ཕན་བདེ་བཟང་པོ། རྗེ་ཀུན་དགའ་འཇམ་དབྱངས། གྲུབ་དབང་རིན་ཆེན་བཟང་པོ། རྡོ་རྗེ་འཆང་ཀརྨ་རཏྣ། མཁན་ཆེན་འཇམ་དཔལ་བཟང་པོ། དེ་ལས་བདག་གིས་སོ། ། གཏད་ཧྲུལ་ཟངས་གླིང་མའི་ལུང་བརྒྱུད་ནི། རྡོ་རྗེ་འཆང། གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ། གཏེར་སྟོན་ནས་རིམ་པར་བྱང་ནག་ཡབ་སྲས། ཡོལ་མོ་བ། ཟུར་ཆེན། ལྔ་པ། གཏེར་ཆེན། བློ་གྲོས་ཆོས་འཕེལ། ཤེས་རབ་འབྱུང་གནས། དེ་སྲས་ངག་དབང་ནོར་བུ། སྨན་སྒོམ་ཀུན་དགའ་