R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༡༨བ
[A:༦༡༨བ]དཔལ་ལྡན། འབའ་ར་བ་ཀུན་བཟང་ཆོས་ཀྱི་རྡོ་རྗེ། དཔའ་བོ་གཙུག་ལག་ཆོས་རྒྱལ། པད་སྤྲུལ་ངག་དབང། སྒྲོལ་སྟོན་འཇམ་དབྱངས། རྗེ་མཁྱེན་བརྩེ་ཞལ་ལས་སོ། ། ཡང་བཀའ་གཏེར་གཉིས་ལྡན་ལྟར་ན། ལེགས་སྨན་རྗེ་ནས་རིམ་པར་བརྒྱུད། དཔོན་སློབ་ཟ་ལུང་པ། ས་ཆེན་ཀུན་བློ། ཨ་ལི་ཆོས་རྗེ་ངག་དབང་ཆོས་གྲགས། བྱམས་པ་བསྟན་པ་རབ་རྒྱས། མཻཏྲི་ཀརྨ་གུ་ཎ། གཟིམས་འོག་བསྟན་འཛིན་སྙན་གྲགས། བྱམས་པ་སྙན་གྲགས་ཐར་པ། དྲག་ཤུལ་ཕྲིན་ལས་རིན་ཆེན། མཁན་ཆེན་བྱམས་པ་འཇམ་དཔལ་བཟང་པོ། དེས་བདག་ལའོ། ། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་སེང་སྒྲའི་གདོན་དགྲོལ་གྱི་ཆོ་ག་ཕུན་ཚོགས་བསམ་འཕེལ་གྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། བདག་ཆེན་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། ངག་དབང་ཀུན་དགའ་རྒྱལ་མཚན། མཁན་ཆེན་བཀྲ་ཤིས་ཆོས་འཕེལ། རྡོ་རྗེ་འཆང་ཀརྨ་རཏྣ། མཁན་ཆེན་འཇམ་དཔལ་བཟང་པོ། དེ་ལས་ཁོ་བོས་སོ། ། ཨ་མེས་ཞབས་ཀྱིས་མཛད་པའི་གསུང་ངག་ཆོས་འབྱུང་